[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>ཞབས་ཞུའི་སྐར་ཁུང་།
  • རིན་གོང་ཧམ་སྤོར་དང་འཐོལ་པ་ལེན་མཁན་ལ་ཞིབ་བཤེར་ཐག་གཅོད་ནན་པོ་བྱེད།

  • ཡོང་ཁུངས།   བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར།    |    རྩོམ་པ་པོ།      |    སྤེལ་དུས།   2022-09-06

    ཟླ་9ཚེས་5ཉིན། ལྷ་ས་གྲོང་ཁྱེར་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས《རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱེད་རིང་ཁྲོམ་རའི་རིན་གོང་བྱེད་སྤྱོད་སྐོར་གྱི་དྲན་སྐུལ་བསླབ་བྱའི་ཡི་གེ》བཀྲམ་སྟེ། རིན་གོང་ཧམ་ཤེས་ཀྱིས་སྤོར་བ་དང་དང་། རིན་གོང་འཐོལ་པ་ལེན་པ། རིན་གོང་མགོ་སྐོར་གཏོང་བ་སོགས་ཀྱི་བྱེད་སྤྱོད་ཤེས་རྟོགས་བྱུང་ཚེ། ཁྲིམས་ལྟར་ཞིབ་བཤེར་ཐག་གཅོད་ནན་པོ་བྱེད་བཞིན་ཡིན་པ་རེད།

    རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱེད་རིང་ཚོང་ཟོག་གི་རིན་གོང་དང་ཞབས་ཞུའི་རིན་གོང་སྔར་བས་ཚད་ལྡན་དུ་གཏོང་བ་དང་། ལྷག་པར་དུ་སྔོ་ཚལ་དང་། འབྲུ་སྣུམ། ཤ་དང་སྒོ་ང་སོགས་འཚོ་བའི་མཁོ་རྫས་དང་། དེ་བཞིན་འགོག་སྲུང་གྱོན་ཆས་དང་། ཁ་རས། དུག་སེལ་སྨན་ཆུ་སོགས་རིམས་འགོག་དངོས་རྫས་སམ་ཡང་ན་རིན་དོད་ཡོད་པའི་ཞབས་འདེགས་སྣ་ཚོགས་ཀྱི་རིན་གོང་བརྟན་པོ་འགན་ལེན་བྱས་ནས། མི་དམངས་མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱ་ཆེད། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རིན་གོང་བཅའ་ཁྲིམས》དང《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འཛད་སྤྱོད་པའི་ཁེ་དབང་སྲུང་སྐྱོང་བཅའ་ཁྲིམས》སོགས་བཅའ་ཁྲིམས་དང་ཁྲིམས་སྲོལ་ལྟར། ད་ལྟ་ངེད་གྲོང་ཁྱེར་གྱི་ཚོང་གཉེར་བྱེད་མཁན་ཁག་ལ་སླར་ཡང་དྲན་སྐུལ་དང་བསླབ་བྱ་བྱེད་རྒྱུ་གཤམ་གསལ།

    གཅིག 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རིན་གོང་བཅའ་ཁྲིམས》དང《རིན་གོང་གསལ་པོར་འགོད་པ་དང་རིན་གོང་མགོ་སྐོར་གཏོང་བ་གཏན་འགོག་བྱེད་རྒྱུའི་སྐོར་གྱི་གཏན་འབེབས》སོགས་རིན་གོང་སྐོར་གྱི་བཅའ་ཁྲིམས་ཁྲིམས་སྲོལ་དང་སྒྲིག་སྲོལ་ལ་བརྩི་སྲུང་ནན་པོ་ཞུ་དགོས།

    གཉིས། རིན་གོང་གསལ་པོར་འགོད་པའི་ལམ་ལུགས་ལག་བསྟར་ནན་པོ་བྱེད་དགོས།

    གསུམ། ཟོག་གོང་ཧམ་ཤེས་ཀྱིས་སྤོར་བ་གཏན་འགོག་ནན་པོ་བྱེད་དགོས།

    བཞི། རིན་གོང་འཐོལ་པ་ལེན་པ་གཏན་འགོག་ནན་པོ་བྱེད་དགོས།

    ལྔ། རིན་གོང་མགོ་སྐོར་གཏོང་རིགས་བཀག་འགོག་ནན་པོ་བྱེད་དགོས།

    1.png

    ལྷ་ས་གྲོང་ཁྱེར་ཁྲོམ་ར་ལྟ་འདོམས་སྡེ་ཚན་གྱིས་རིན་གོང་ཐད་ལྟ་འདོམས་བྱེད་ཤུགས་རྒྱུན་མཐུད་ཆེ་རུ་བཏང་ནས། མང་ཚོགས་ཀྱི་ཞུ་གཏུག་ཐེར་འདོན་དང་གླེང་ཕྱོགས་ཀྱི་གནས་ཚུལ་ལ་དམ་པོར་དམིགས་ཏེ། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རིན་གོང་བཅའ་ཁྲིམས》དང་། 《རིན་གོང་ཐད་ཀྱི་ཁྲིམས་འགལ་བྱེད་སྤྱོད་ལ་སྲིད་འཛིན་ཆད་པ་གཅོད་པའི་གཏན་འབེབས》 《རིན་གོང་ཧམ་སྤོར་གྱི་ཁྲིམས་འགལ་བྱེད་སྤྱོད་ལ་ཞིབ་བཤེར་དང་ཐག་གཅོད་བྱེད་རྒྱུའི་སྐོར་གྱི་ཁྲོམ་ར་ལྟ་འདོམས་སྤྱི་ཁྱབ་ཅུས་ཀྱི་མཛུབ་ཁྲིད་བསམ་འཆར》སོགས་འབྲེལ་ཡོད་བཅའ་ཁྲིམས་ཁྲིམས་སྲོལ་གྱི་གཏན་འབེབས་ལྟར། ཁྲིམས་བཞིན་ཞིབ་བཤེར་ཐག་གཅོད་ནན་པོ་དང་མགྱོགས་པོ་བྱེད་རྒྱུ་དང་། གནས་ཚུལ་ཚབས་ཆེ་བའི་དཔེ་མཚོན་གྱོད་གཞི་ཡོངས་བསྒྲགས་དང་དམར་འདོན་བྱེད་རྒྱུ་མ་ཟད། ཡིད་རྟོན་ཐོ་འགོད་ནང་འཇུག་རྒྱུ་དང་། ཉེས་གསོག་གི་དོགས་པ་ཡོད་རིགས་ཁྲིམས་འཛིན་སྡེ་ཚན་ལ་ཉེས་དོན་འགན་འཁྲི་བདའ་འདེད་གཏོང་བར་རྩིས་སྤྲོད་རྒྱུ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།