[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>ཞབས་ཞུའི་སྐར་ཁུང་།
  • ཆང་རག་བཏུངས་རྗེས་འདི་དག་བཟས་ན་གཟུགས་པོར་ཕན་གྱི་འདུག

  • ཡོང་ཁུངས།   བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར།    |    རྩོམ་པ་པོ།      |    སྤེལ་དུས།   2022-07-26

    གླིང་ཁ་གཏོང་བར་སྐྱོད་སྐབས་མི་མང་པོ་ཞིག་གིས་ཕན་ཚུན་ཆང་རག་འགྱོག་རེས་བྱས་ནས་དགའ་སྤྲོའི་དཔལ་ལ་རོལ་གྱི་ཡོད། ཡིན་ནའང་ཆང་རག་བཏུངས་རྗེས་མི་མང་པོ་ཞིག་ལ་ལུས་པོ་མི་བདེ་བའི་ཚོར་སྣང་ཡོང་གི་ཡོད། གཤམ་ལ་རྩོམ་སྒྲིག་པས་ཐབས་ཤེས་ཁ་ཤས་ངོ་སྤྲོད་ཞུ་རྒྱུ་ཡིན་པས། གལ་ཏེ་ཁྱེད་ཀྱི་འདི་ལྟར་གནང་ན། ལུས་པོ་བདེ་རུ་འགྲོ་སྲིད།

    སྦྲང་རྩི།

    1.jpg

    ཆུ་དྲོ་འཇམ་ལ་སྦྲང་རྩི་ཏོག་ཙམ་བླུགས་ནས་བཏུངས་ན་མགོ་མི་ན་བར་ཕན། ཆེད་ལས་མཁས་ཅན་གྱིས་ཞིབ་འཇུག་བྱས་པར་གཞིགས་ན། སྦྲང་རྩིར་དམིགས་བསལ་གྱི་མངར་རྒྱུ་ཞིག་ཡོད་པས། དེས་ལུས་པོའི་ཨ་རག་ཉིང་ཁུ་བསལ་ནས་མགོའི་ན་ཟུག་འཇོམས་ཐུབ། གཞན་ཡང་སྦྲང་རྩིར་གཉིད་ཁུག་པའི་ནུས་པ་ལྡན་པས། དགོང་མོ་སྦྲང་རྩི་བཏུངས་ན་ཉིན་གཉིས་པར་མགོ་མི་ན་བ་ཡོང་ཐུབ།

    ཞོ།

    2.jpg

    ཆང་རག་བཏུངས་རྗེས་ཞོ་འཐུང་དགོས། ལྷག་པར་དུ་ཨ་རག་དཀར་པོ་བཏུངས་རྗེས་ཞོ་བཏུངས་ན་ཕོ་བར་སྲུང་སྐྱོབ་ཐུབ། ཞོ་ལ་ད་དུང་འཚོ་བཅུད་ཀལ་མང་པོ་འདུས་ཡོད་པས། དེའི་ནུས་པས་སེམས་འཚབ་གནས་བཟོད་མི་བདེ་བའི་ཚོར་སྣང་འགོག་ཐུབ།

    ཀྲོ་མ་ཀྲུའི་ཁུ་བ།

    3.jpg

    ཀྲོ་མ་ཀྲུའི་ཁུ་བར་མངར་རྒྱུ་མང་པོ་འདུས་པ་དེས་ཨ་རག་གི་ཉིང་ཁུ་བསལ་ནས་མགོ་ཡུ་འཁོར་བ་དང་། ཞེ་མེར་ལངས་པའི་སྣང་ཚུལ་འགོག་ཐུབ།

    རྒུན་འབྲུམ།

    4.jpg

    ར་བཟི་ན་རྒུན་འབྲུམ་སོས་པ་བཟས་ཚེ་ར་དྭངས་བར་ཕན་ཐོགས་ཡོད་ལ། ཞེ་མེར་ལངས་པ་ཡང་སེལ་ཐུབ། གལ་ཏེ་ཆང་རག་མ་བཏུངས་གོང་རྒུན་འབྲུམ་བཟས་ན། ར་མ་བཟི་བ་ཡོད།

    ཇིན་ཚལ་གྱི་ཁུ་བ།

    5.jpg

    ཆང་རག་བཏུངས་རྗེས་ཕོ་བ་མི་བདེ་བ་བྱུང་ན། ཇིན་ཚལ་གྱི་ཁུ་བ་འཐུང་དགོས། གང་ཡིན་ཟེར་ན། ཇིན་ཚལ་ལ་འཚོ་བཅུད་Bམང་པོ་ཡོད་པས། དེས་ཕོ་བར་སྲུང་སྐྱོབ་བྱེད་ཐུབ། གཞན་ཡང་ཇིན་ཚལ་གྱི་ཁུ་བས་ངོ་གདོང་དམར་པོར་འགྱུར་བ་སེལ་ཐུབ།

    ཤིས་ཀྭ་ཡི་ཁུ་བ།

    6.jpg

    ཤིས་ཀྭ་ཡི་ཁུ་བ་བཏུངས་ན་ཁོག་པའི་ཨ་རག་ཉིང་ཁུ་མྱུར་དུ་གཅིན་ལམ་བརྒྱུད་ཕྱི་རུ་འབུད་ཐུབ། ཤིས་ཀྭ་ཡི་ཁུ་བར་ད་དུང་ཁོག་ནང་གི་ཚད་པ་འཇོམས་པའི་ནུས་པ་ལྡན་ཞིང་། དེས་ཆང་རག་ལས་བྱུང་བའི་ལུས་ཀྱི་ཚ་བ་གཅོག་ཐུབ།

    --    --

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།