[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>ཞབས་ཞུའི་སྐར་ཁུང་།
  • དེ་ནས་ཁ་ལོ་བའི་ལག་ཁྱེར་ལེན་པའམ་བརྗེས་ཚེ་སྟབས་ཧ་ཅང་བདེ་པོ་འདུག

  • ཡོང་ཁུངས།   བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར།    |    རྩོམ་པ་པོ།      |    སྤེལ་དུས།   2022-07-15

    ཟླ་6པའི་ཟླ་སྟོད་དུ། ལྷ་ས་གྲོང་ཁྱེར་འཁོར་རིགས་དོ་དམ་སུའོ་ཡིས་ལྗོངས་ཡོངས་ཀྱི་སྔོན་དུ“ཉེན་རྟོག་དང་སྨན་ཁང་འབྲེལ་མཐུད”ཀྱི་གཟུགས་པོ་བརྟག་དཔྱད་ཀྱི་རང་འགུལ་འཕྲུལ་ཆས་གཉིས་ནང་འདྲེན་བྱས་ཏེ། ཁ་ལོ་བས་གཟུགས་པོ་བརྟག་དཔྱད་བྱེད་པར་སྟབས་བདེ་བསྐྲུན་གང་ཐུབ་བྱས་ཡོད།

    1.jpg

    བསྡོམས་རྩིས་བྱས་པར་གཞིགས་ན། 2022ལོའི་ཟླ་6པར“ཉེན་རྟོག་དང་སྨན་ཁང་འབྲེལ་མཐུད”ཀྱི་གཟུགས་པོ་བརྟག་དཔྱད་ཀྱི་རང་འགུལ་འཕྲུལ་ཆས་སྤྱོད་འགོ་ཚུགས་པ་ནས་ད་བར། ཁ་ལོ་བར་གཟུགས་པོ་བརྟག་དཔྱད་ཐེངས་2400བྱས་ཡོད། གཞན་ཡང་། ལྷ་ས་གྲོང་ཁྱེར་འཁོར་རིགས་དོ་དམ་སུའོ་རུ་ད་དུང་རང་འགུལ་པར་རྒྱག་འཕྲུལ་ཆས་དང་དེ་བཞིན་རང་འགུལ་ལས་སྒོའི་ཕྱོགས་བསྡུས་བདག་སྤྲོད་མཐའ་སྣེ་ཡོད་པས། གྲོང་མི་ཚོ་ཁ་ལོ་བའི་ལག་ཁྱེར་ལེན་པ་དང་བརྗེ་སྐབས་གཟུགས་པོ་བརྟག་དཔྱད་དང་པར་རྒྱག་དགོས་ཚེ། སྐར་མ་5ཡི་ནང་ཚུན་དུ་སྒྲུབ་ཐུབ་ཀྱི་ཡོད་པ་རེད།


    “ཉེན་རྟོག་དང་སྨན་ཁང་འབྲེལ་མཐུད”ཀྱི་གཟུགས་པོ་བརྟག་དཔྱད་ཀྱི་རང་འགུལ་འཕྲུལ་ཆས་ནས་ལས་སྒོ་གཉེར་སྐབས། ཁ་ལོ་བས་ཐོབ་ཐང་ལག་ཁྱེར་དྲད་དེ་རེག་སྒྱུར་བརྙན་ཤེལ་ནས་སྟབས་བདེའི་བཀོལ་སྤྱོད་བརྒྱུད། 《འཕྲུལ་སྒུལ་འཁོར་རིགས་ཀྱི་ཁ་ལོ་བའི་ལག་ཁྱེར་འདུན་ཞུ་དང་བེད་སྤྱོད་ཀྱི་གཏན་འབེབས》ཁྲོད་ཀྱི་པར་རྒྱག་དང་གཟུགས་པོ་བརྟག་དཔྱད་ཀྱི་རྣམ་གྲངས་རང་འགུལ་དང་མགྱོགས་མྱུར་ངང་སྒྲུབ་ཐུབ་ཀྱི་ཡོད།

    4.jpg

    “གཟུགས་པོ་བརྟག་དཔྱད་ཀྱི་རང་འགུལ་འཕྲུལ་ཆས”འདི་ཁ་ལོ་བའི་ལག་ཁྱེར་ཐོག་མར་ལེན་མཁན་དང་། ལག་ཁྱེར་གྱི་རིམ་པ་མཐོ་རུ་གཏོང་མཁན། དུས་ཚོད་ཐིམ་ནས་ལག་ཁྱེར་བརྗེ་མཁན་སོགས་ཀྱིས་གཟུགས་པོ་བརྟག་དཔྱད་བྱེད་སྐབས་སྤྱོད་ཆོག་གི་ཡོད་པ་རེད།

    དེ་གོང་ཁ་ལོ་བའི་ལག་ཁྱེར་ཐོག་མར་ལེན་མཁན་ནམ་ཡང་ན་དུས་ཚོད་ཐིམ་ནས་ཁ་ལོ་བའི་ལག་ཁྱེར་བརྗེ་སྐབས། སྔོན་ལ་པར་བརྒྱབ་རྗེས་དེ་ནས་སྨན་ཁང་དུ་གཟུགས་པོ་བརྟག་དཔྱད་བྱེད་པར་བསྐྱོད་དེ《འཕྲུལ་སྒུལ་འཁོར་རིགས་གཏོང་མཁན་གྱི་གཟུགས་པོའི་ཆ་རྐྱེན་གྱི་དཔང་ཡིག》རག་རྗེས་སམ་ཡང་ན། སྨན་ཁང་གིས་གཟུགས་པོ་བརྟག་དཔྱད་བྱས་འབྲས་བསྐུར་རྗེས། གཞི་ནས་ཁ་ལོ་བའི་སློབ་གྲྭར་མིང་ཐོ་འགོད་ཆོག་པའམ་ཡང་ན་འཁོར་རིགས་དོ་དམ་སུའོ་ནས་ལག་ཁྱེར་བརྗེ་ཆོག་གི་ཡོད། ཡིན་ནའང་ད་ལྟ“གཟུགས་པོ་བརྟག་དཔྱད་ཀྱི་རང་འགུལ་འཕྲུལ་ཆས”དངོས་སུ་སྤྱོད་འགོ་ཚུགས་ཡོད་པས། གྲོང་མི་མང་ཚོགས་ཚོས་རང་འགུལ་འཕྲུལ་ཆས་ནས་གཟུགས་པོ་བརྟག་དཔྱད་བྱེད་ཆོག་པར་བརྟེན། དུས་ཚོད་རིང་པོ་འགོར་གྱི་མེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།