[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>ཞབས་ཞུའི་སྐར་ཁུང་།
  • གུང་གསེང་སླེབས་གྲབས་ཡོད་པས།ཁྱིམ་བདག་ཚོས་འདི་དག་ལ་དོ་སྣང་གྱིས།

  • ཡོང་ཁུངས།   བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར།    |    རྩོམ་པ་པོ།      |    སྤེལ་དུས།   2022-06-30

    དབྱར་ཁའི་གུང་གསེང་སླེབས་གྲབས་ཡོད་པས། གྲོང་གསེབ་ཀྱི་སློབ་གྲྭ་འབྲིང་ཆུང་གི་སློབ་མའི་ཁྱིམ་བདག་མང་ཆེ་བ་ཕྱིར་གླ་པ་རྒྱུག་པའམ་ཡང་ན་ཞིང་ལས་ལ་བྲེལ་བཞིན་ཡོད་པས། བྱིས་པར་ལྟ་རྟོག་བྱེད་པའི་དུས་ཚོད་མང་པོ་མེད། དེར་བརྟེན་གྲོང་གསེབ་ཀྱི་ལོ་ཆུང་བྱིས་པ་ཚོར་ལྟ་སྐྱོང་བྱེད་མཁན་མེད་པའམ་ཡང་ན་རྒན་འཁོགས་ཀྱིས་ལྟ་རྟོག་བྱེད་དགོས་ཀྱི་ཡོད་པས། གུང་གསེང་རིང་བྱིས་པར་ཉེན་ཁ་འཕྲད་ཉེན་མངོན་གསལ་དོད་པོས་ཆེ་རུ་འགྲོ་གི་ཡོད།

    ལས་འཛོལ་གྱི་འབྱུང་རྐྱེན་དང་པོ། 

    ཁྲིམས་གཏན་འཁེལ་བའི་ལོ་ཚད་མ་ལོན་པར་རྐང་འཁོར་གཏོང་བ།

    微信图片_20220630160719.gif

    འགྲིམ་འགྲུལ་ཉེན་རྟོག་པས་དྲན་སྐུལ་བྱས་དོན། ལོ་ན་ཆུང་བ་དང་ཉམས་མྱོང་མེད་པའི་རྐྱེན་གྱིས། ཁྲིམས་གཏན་འཁེལ་བའི་ལོ་ཚད་མ་ལོན་པའི་ལོ་ཆུང་བྱིས་པས་གློག་སྒུལ་རྐང་འཁོར་བཞོན་ནས་ལམ་དུ་འགྲོ་དུས་འགྲིམ་འགྲུལ་ལས་འཛོལ་ཐོན་སླ་པོ་ཡོད། ལོ་ཆུང་བྱིས་པའི་ལྟ་སྐྱོང་བས་ལོ་12མ་ལོན་པའི་བྱིས་པ་གཞུང་ལམ་དུ་རྐང་འཁོར་བཞོན་དུ་འཇུག་མི་རུང་།

    ལས་འཛོལ་གྱི་འབྱུང་རྐྱེན་གཉིས་པ། 

    རྒྱལ་ཁབ་དང་ཞིང་ཆེན་གཞུང་ལམ་དང་། མྱུར་བགྲོད་གཞུང་ལམ་གྱི་ལམ་འགྲམ་དུ་རྩེད་མོ་རྩེ་བའམ་ཡང་ན་འཕྲེད་བཅད་གཏོང་བ།

    02.gif

    འགྲིམ་འགྲུལ་ཉེན་རྟོག་པས་དྲན་སྐུལ་བྱས་དོན། གྲོང་གསེབ་ཀྱི“གཞིས་ལུས་བྱིས་པའི”ལྟ་སྐྱོང་བ་མང་ཆེ་བ་ཡུན་རིང་བྱིས་པའི་འགྲམ་དུ་མེད་པ་མ་ཟད། བྱེད་སྒོ་མང་པོར་ཞུགས་ཐུབ་ཀྱི་མེད་པས། དབྱར་ཁའི་གུང་གསེང་རིང་ཕྲུ་གུ་རྟག་ཏུ་རྒྱལ་ལམ་དང་། ཞིང་ཆེན་ལམ། མྱུར་བགྲོད་གཞུང་ལམ་བཅས་ཀྱི་ལམ་འགྲམ་དུ་རྩེད་མོ་རྩེ་བར་དགའ་པོ་ཡོད་པ་དང་། ལྟ་སྐྱོང་བས་ཀྱང་ཕྲུ་གུ་མང་པོ་མཉམ་དུ་ཡོད་ཚེ། བདེ་འཇགས་ཀྱི་གནད་དོན་ཐོན་མི་སྲིད་པའི་ངོས་འཛིན་བྱེད་ཀྱི་ཡོད། རྒྱལ་ལམ་དང་། ཞིང་ཆེན་ལམ། མྱུར་བགྲོད་གཞུང་ལམ་བཅས་སུ་མོ་ཊའི་མྱུར་ཚད་མགྱོགས་པོ་ཡོད་པས། ཁ་ལོ་བས་ལམ་འགྲམ་དུ་རྩེད་མོ་རྩེ་བའམ་ཡང་ན་གློ་བུར་དུ་གཞུང་ལམ་འཕྲེད་བཅད་གཏོང་མཁན་ལོ་ཆུང་བྱིས་པ་ཡག་པོ་མཐོང་གི་མེད། སྐབས་རེ་བྱིས་པ་མཐོང་ཡང་མོ་ཊའི་ཁ་འགོག་མི་ཐུབ་པས། མཐར་བྱིས་པར་རྡུང་ཉེན་ཡོད། དེས་ན་ཁྱིམ་བདག་ཚང་མས་ངེས་པར་དུ་བྱིས་པར་ལྟ་སྐྱོང་ཡག་པོ་བྱེད་དགོས།

    ལས་འཛོལ་གྱི་འབྱུང་རྐྱེན་གསུམ་པ། 

    རྒན་འཁོགས་ཀྱིས་བྱིས་པར་ལྟ་རྟོག་དང་སློབ་གསོ་མི་འདང་བ།

    03.gif

    འགྲིམ་འགྲུལ་ཉེན་རྟོག་པས་དྲན་སྐུལ་བྱས་དོན། གཞུང་ལམ་དུ་གློག་སྒུལ་རྐང་འཁོར་གཏོང་བར་ལོ་བཅུ་དྲུག་ལ་སླེབས་དགོས། གྲོང་གསེབ་ཏུ་ལོ་ཆུང་བྱིས་པར་ལྟ་རྟོག་བྱེད་མཁན་དང་། ལྷག་པར་དུ་རྒན་འཁོགས་ཀྱིས་འགྲིམ་འགྲུལ་གནོད་འཚེར་ངོས་འཛིན་ཟབ་མོ་མེད་པས། ཁྲིམས་གཏན་འཁེལ་བའི་ལོ་ཚད་མ་ལོན་པའི་ལོ་ཆུང་བྱིས་པར་རྐང་འཁོར་བཞོན་པའམ་ཡང་ན་གློག་སྒུལ་རྐང་འཁོར་གཏོང་དུ་འཇུག་གི་ཡོད། འོན་ཀྱང་ལོ་ཚད་འདིའི་སྐབས་ཀྱི་བྱིས་པས་འགྲོ་ལམ་གྱི་སྒྲིག་སྲོལ་དེ་ཙམ་གསལ་པོ་ཤེས་ཀྱི་མེད་པ་མ་ཟད། མོ་ཊར་ཡིད་གཟབ་དང་གནས་ཚུལ་ཛ་དྲག་ཕྲད་ཚེ་ཐག་གཅོད་བྱེད་པ་སོགས་ཀྱི་ནུས་པ་ཅུང་ཞན་པ་དང་། རྙོག་འཛིང་ཆེ་བའི་འགྲོ་སྐྱོད་ཁོར་ཡུག་དང་བསྟུན་ཐུབ་ཀྱི་མེད་པས་ཉེན་ཁ་ཐོན་སླ་པོ་ཡོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རིང་ཆོས་སྒྲོན།