[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>ཞབས་ཞུའི་སྐར་ཁུང་།
  • སློབ་མ་ཚོ། འདི་ནས་མཐོ་རྒྱུགས་ཀྱི་སྐར་གྲངས་བཤེར་ཐུབ་ཀྱི་འདུག

  • ཡོང་ཁུངས།   བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར།    |    རྩོམ་པ་པོ།      |    སྤེལ་དུས།   2022-06-23

    ཉེ་ཆར།  ཞིང་ཆེན་ཁག་གི་མཐོ་རྒྱུགས་ཀྱི་སྦྱངས་འབྲས་གཅིག་རྗེས་གཉིས་མཐུད་ངང་འདོན་གྱི་ཡོད་པས། སློབ་མ་ཚོས་སྐར་གྲངས་བཤེར་བར་གྲ་སྒྲིག་ཟིན་ཡོད་དམ། 

    རྒྱལ་ཁབ་ཀྱི་སྲིད་དོན་ཞབས་ཞུ་ལས་སྟེགས་དང་། ས་ཁུལ་ཁག་གི་སྲིད་དོན་ཞབས་ཞུ་ལས་སྟེགས། དེ་བཞིན་སློབ་གསོའི་ཡིག་རྒྱུགས་སྡེ་ཚན་བཅས་ཀྱིས་མཉམ་དུ་མཐོ་རྒྱུགས་ཀྱི་སྦྱངས་འབྲས་བཤེར་བའི་ཞབས་ཞུ་མཁོ་འདོན་བྱེད་ཀྱི་ཡོད་ཅིང་། བརྡ་ཐོའི་བྱེད་ནུས་སྔོན་མངགས་བྱས་པ་བརྒྱུད།  སྦྱངས་འབྲས་ཁྱབ་བསྒྲགས་བྱས་རྗེས། ཁྱེད་ཀྱི་སྐད་འཕྲིན་ལ་ལམ་སེང་བརྡ་ཐོ་འབྱོར་གྱི་ཡོད་པས། དུས་གང་རུང་ཞིག་ཏུའང་སྐར་གྲངས་བཤེར་ཐུབ་ཀྱི་ཡོད།

    1.jpg

    བཀོལ་སྤྱོད་གོ་རིམ།

    1.གཤམ་གྱི་རྟགས་རིས་མནན་ན། མཐོ་རྒྱུགས་ཀྱི་སྦྱངས་འབྲས་བཤེར་བའི་ཞབས་ཞུའི་མ་ལག་ལ་འཛུལ་ཐུབ། 

    2.jpg

    3.jpg

    2.མཐོ་རྒྱུགས་གཏོང་ཡུལ་གཞིར་བཟུང་དེ་མཚུངས་ཀྱི་ས་ཁུལ་འདེམས་དགོས་ཤིང་། ཆ་འཕྲིན་རྒྱོང་མི་དགོས་པར་མཐོ་རྒྱུགས་ཀྱི་སྦྱངས་འབྲས་བཤེར་བའི་དུས་ཚོད་སྔོན་མངགས་ཀྱི་བརྡ་ཐོ་ཞེས་པ་མནན་དགོས། 

    4.png

    3.མཐོ་རྒྱུགས་ཀྱི་སྦྱངས་འབྲས་བཤེར་བའི་བརྡ་ཐོ་སྔོན་མངགས་བྱས་རྗེས། བརྡ་ཐོ་འདི་འབྱོར་གྱི་ཡོད། སྔོན་མངགས་བྱས་པའི་ས་ཁུལ་དུ་སྐར་གྲངས་ཁྱབ་བསྒྲགས་བྱེད་སྐབས། མ་ལག་གིས་སྐད་འཕྲིན་ནང་ཁྱེད་ཀྱི་སྐར་གྲངས་བཤེར་དགོས་པའི་བརྡ་ཐོ་གཏོང་གི་ཡོད།

    5.png

    4.སྦྱངས་འབྲས་བཤེར་བའི་ཞབས་ཞུའི་དྲ་ངོས་སུ་རྒྱུགས་སྤྲོད་སློབ་མའི་ཡིག་རྒྱུགས་གཏོང་ཡུལ་ཞིང་ཆེན(རང་སྐྱོང་ལྗོངས་དང་གྲོང་ཁྱེར)བདམས་ནས། ཐོབ་ཐང་ལག་ཁྱེར་དང་། རྒྱུགས་སྤྲོད་ལག་ཁྱེར་ཨང་གྲངས།  རྒྱུགས་སྤྲོད་སློབ་མའི་ཨང་རྟགས་སོགས་འབྲེལ་ཡོད་ཆ་འཕྲིན་བརྒྱངས་རྗེས་སྦྱངས་འབྲས་བཤེར་ཐུབ།

    རྒྱལ་ཁབ་ཀྱི་སྲིད་དོན་ཞབས་ཞུའི་ལས་སྟེགས་ཀྱི་མཐོ་རྒྱུགས་ཞབས་ཞུའི་ཆེད་དོན་དུ་འདྲི་རྩད་དང་། ཐོ་འགོད།  སློབ་བསྡུ་སོགས་ལ་མཁོ་བའི་ཞབས་ཞུ་རབ་དང་རིམ་པ་ཡོད་པས།  ཡིག་རྒྱུགས་གཏོང་མཁན་ཚོེར་བརྒྱུད་བསྐུར་གནང་དང་། མཇུག་ཏུ་རྒྱུགས་སྤྲོད་སློབ་མ་རྣམས་ལ་གཡུར་ཟའི་གྲུབ་འབྲས་ཐོབ་པར་སྨོན་འདུན་ཞུ།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།