[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>ཞབས་ཞུའི་སྐར་ཁུང་།
  • ཆ་འཕྲིན་འདི་རིཊ་སྐད་འཕྲིན་གྲོགས་ཚོམས་སུ་རྩ་བ་ནས་བསྐུར་མི་རུང་།

  • ཡོང་ཁུངས།   བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར།    |    རྩོམ་པ་པོ།      |    སྤེལ་དུས།   2022-06-17

    མཐོ་རྒྱུགས་བཏང་ཚར་མ་ཐག་ཡིན་པས། རྒྱུགས་སྤྲོད་སློབ་མ་ཚོས་དོ་སྣང་བྱེད་དགོས་པ་ཞིག་ནི། གཤམ་གྱི་དངོས་པོ་འདི་དག་སྐད་འཕྲིན་གྲོགས་ཚོམས་སུ་རྩ་བ་ནས་བསྐུར་རྒྱུ་མི་འདུག

    1.མཐོ་རྒྱུགས་རྒྱུགས་འཕྲོལ་ལག་ཁྱེར།

    2.སྒེར་གྱི་ཐོབ་ཐང་ལག་ཁྱེར།

    3.རྒྱུགས་སྤྲོད་སློབ་མའི་ཨང་རྟགས་དང་གསང་བའི་ཨང་གྲངས།

    4.འདོད་མོད་རེའུ་མིག

    5.སྐར་གྲངས།

    6.སྐར་གྲངས་འཚོལ་བཤེར་གྱི་དྲ་ངོས་བཅད་པར།

    7.སྒེར་གྱི་སློབ་ཚུད་བརྡ་ཐོ།

    微信图片_20220617100253.jpg

    གལ་ཏེ་སྒེར་གྱི་ཆ་འཕྲིན་མ་རུང་ཁོག་བཅུག་བྱེད་མཁན་གྱིས་སྐད་འཕྲིན་གྲོགས་ཚོམས་སམ་ཡང་ན་སྤྱི་ཚོགས་ཀྱི་འབྲེལ་གཏུག་སྟེགས་བུ་གཞན་ནས་མཐོང་རྗེས། དེ་སྤྱད་ནས་ཁ་བསླུས་རྒྱག་སྲིད།

    ཟླ6ཚེས7ཉིན། སྤྱི་བདེ་པུའི་ཉེས་དོན་མྱུལ་ཞིབ་ཅུས་ཀྱིས་དྲན་སྐུལ་བྱས་དོན། རྒྱུགས་སྤྲོད་སློབ་མ་དང་ཁྱིམ་བདག་ཚོས་གཤམ་གྱི་ཁ་བསླུས་རྒྱག་སྟངས་འདི་དག་ལ་དོ་སྣང་བྱེད་དགོས་པ་སྟེ།

    1.སྐར་གྲངས་སྔ་སྣུར་དུ་འཚོལ་ཐུབ་ཅེས་པའི་ཁ་བསླུས།

    2.སློབ་གྲྭར་བླུགས་ཐུབ་པ་འདུག་ཅེས་པའི་ཁ་བསླུས།

    3.རོགས་དངུལ་རག་ཐུབ་ཅེས་པའི་ཁ་བསླུས།

    4. འདོད་མོད་རེའུ་མིག་སྐོང་རོགས་བྱེད་ཆོག་ཅེས་པའི་ཁ་བསླུས།

    5.སློབ་བསྡུའི་བརྡ་ཐོ་རྫུན་མ་བཟོ་ཐུབ་ཅེས་པའི་ཁ་བསླུས།

    微信图片_20220617100258.png

     ཟླ6ཚེས9ཉིན། ཀྲེ་ཅང་ཐུང་ཤང་ཉེན་རྟོག་ཕྱོགས་ཀྱིས་ཛ་དྲག་གི་ཉེན་བརྡ་ཞིག་བཏང་སྟེ།  ཉེ་ཆར་མང་ཚོགས་ཀྱིས་རང་ཉིད་ལ་ཞིང་ཆེན་སློབ་གསོ་ཐིང་མཐོ་སློབ་དཀྱུས་མའི་སློབ་བསྡུ་གཞུང་ལས་ཁང་གི་བཏང་བའི་འཕྲིན་ཐུང་འབྱོར་བྱུང་། འཕྲིན་ཐུང་ནང་མཐོ་སློབ་དཀྱུས་མའི་སློབ་བསྡུའི་གཅིག་གྱུར་ཡིག་རྒྱུགས་ཀྱི་བརྙན་ལམ་བསྐྱར་གཏོང་བྱེད་བཞིན་ཡོད་པ་དང་། བརྙན་ལམ་དུ་གསལ་བའི་སློབ་མ་དེར་ཡིག་རྒྱུགས་བཤུས་པའི་དོགས་པ་ཡོད་པས། ཞིང་ཆེན་སློབ་གསོ་ཐིང་སློབ་བསྡུ་གཞུང་ལས་ཁང་ལ་ཁ་པར་རྒྱག་དགོས་པའི་བླང་བྱ་བཏོན་བྱུང་ཞེས་བཤད།

    དེའི་ཐད་ཐུང་ཤང་ཉེན་རྟོག་ཕྱོགས་ཀྱིས་དེ་ནི་དཔེ་མཚོན་གྱི་འཕྲིན་ཐུང་ཁ་བསླུས་རྒྱག་ཐབས་རེད་ཅེས་བཤད་ཡོད།

    ཉེན་རྟོག་ཕྱོགས་ཀྱིས་དྲན་སྐུལ་བྱས་དོན། མཐོ་རྒྱུགས་རྒྱུགས་སྤྲོད་སློབ་མ་དང་ཁྱིམ་བདག་ཚོས་དོ་སྣང་བྱེད་དགོས་པ་ཞིག་ལ། སློབ་བསྡུ་གཞུང་ལས་ཁང་གི་ཁ་པར་རམ་འཕྲིན་ཐུང་འབྱོར་ཏེ། སློབ་མས་ཡིག་རྒྱུགས་བཤུས་པའི་བྱེད་སྤྱོད་ཡོད་པའི་སྐོར་བཤད་ཚེ། དུས་ཐོག་ཏུ་སློབ་གྲྭར་འབྲེལ་བ་བྱས་ཏེ་ཆ་འཕྲིན་བདེན་པ་ཡིན་མིན་ར་སྤྲོད་བྱེད་དགོས་པ་ལས་གང་བྱུང་དུ་ཡིད་ཆེས་བྱ་མི་རུང་།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།