[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>ཞབས་ཞུའི་སྐར་ཁུང་།
  • ཁ་ལོ་བ་ཚོ། ལམ་དུམ་འདི་དག་ལ་འགྲིམ་འགྲུལ་བཀག་སྡོམ་བྱ་རྒྱུ་རེད་འདུག

  • ཡོང་ཁུངས།   བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར།    |    རྩོམ་པ་པོ།      |    སྤེལ་དུས།   2022-06-16

    ཅང་སུའུ་ལམ་དང་སྣེའུ་ཁུལ་གསར་གྱི་ལམ་དུམ་ཁག་གཅིག་ཏུ་འགྲིམ་འགྲུལ་བཀག་སྡོམ་བྱ་རྒྱུའི་སྤྱི་བསྒྲགས།

    རྒྱ་ཆེའི་ཁ་ལོ་བ་དང་འགྲུལ་པ་རྣམས་ལ།

    ལྷ་ས་གྲོང་ཁྱེར་གྱི་མདོང་ལམ་དྲ་བ་སྒྱུར་བཀོད་དང་རིག་ལྡན་ཆུ་དོན་འཛུགས་སྐྲུན་གྱི་དགོས་མཁོར་གཞིགས་ཏེ། 2022ལོའི་ཟླ་6ཚེས་17ཉིན་ནས་བཟུང་། ཅང་སུའུ་ལམ་དང་སྣེའུ་ཁུལ་གསར་གྱི་ལམ་དུམ་བུ་ཁག་གཅིག་ལ་ཨར་སྐྲུན་བྱ་རྒྱུ་ཡིན་པས། ད་ལྟ་ཞིབ་ཕྲའི་བཀག་སྡོམ་སྐོར་སྤྱི་བསྒྲགས་བྱེད་རྒྱུ་གཤམ་གསལ།

    བཀག་སྡོམ་བྱ་ཡུལ། ས་པོ་ཐང་ཆེན་གྱི་ལམ་མདོ་ནས་གྲོང་ཨུད་ཀྱི་ལམ་མདོ་བར། (ཅང་སུའུ་ལམ)

    བཀག་སྡོམ་དུས་ཚོད། ཟླ་6ཚེས་17ནས་ཟླ་8ཚེས་31ཉིན་བར།

    བཀག་སྡོམ་བྱ་ཐབས། ལམ་གྱི་གཞོགས་གཅིག་བཀག་ནས་ཨར་སྐྲུན་བྱ་རྒྱུ།

    བཀག་སྡོམ་བྱ་ཡུལ། བདེ་སྐྱིད་ལྷོ་ལམ་གྱི་ལམ་མདོ་ནས་དྲན་གསོའི་རྡོ་རིང་གི་ལམ་མདོ་བར། (ཅང་སུའུ་ལམ)

    བཀག་དོམ་དུས་ཚོད། ཟླ་6ཚེས་17ནས་ཟླ་8ཚེས་31ཉིན་བར།

    བཀག་སྡོམ་བྱ་ཐབས། ལམ་གྱི་གཞོགས་གཅིག་བཀག་ནས་ཨར་སྐྲུན་བྱ་རྒྱུ།

    བཀག་སྡོམ་བྱ་ཡུལ། དྲན་གསོའི་རྡོ་རིང་གི་ལམ་མདོ་ནས་སྣེའུ་ཟམ་ཆེན་བར། (ཅང་སུའུ་ལམ།)

    བཀག་སྡོམ་དུས་ཚོད། ཟླ་6ཚེས་17ནས་ཟླ་8ཚེས་31ཉིན་བར།

    བཀག་སྡོམ་བྱ་ཐབས། ལམ་གྱི་གཞོགས་གཅིག་བཀག་ནས་ཨར་སྐྲུན་བྱ་རྒྱུ།

    བཀག་སྡོམ་བྱ་ཡུལ། མེ་འཁོར་བབས་ཚུགས་སུ་བསྐྱོད་སའི་བྱང་ངོས། (སྣེའུ་ཁུལ་གསར)

    བཀག་སྡོམ་དུས་ཚོད། ཟླ་6ཚེས་17ནས་ཟླ་8ཚེས་17ཉིན་བར།

    བཀག་སྡོམ་བྱ་ཐབས། ལམ་གྱི་གཞོགས་གཅིག་བཀག་ནས་ཨར་སྐྲུན་བྱ་རྒྱུ།

    བཀག་སྡོམ་བྱ་ཡུལ། དུས་རབས་ལམ་ཆེན་གྱི་ལྷོ་ངོས། (སྣེའུ་ཟམ་ཆེན་ནས་ལྷོ་ངོས་གཞུང་ལམ་སྣུར་སྲིང་དུམ་བུ་བར)

    བཀག་སྡོམ་དུས་ཚོད། ཟླ་6ཚེས་17ནས་ཟླ་7ཚེས་8ཉིན་བར།

    བཀག་སྡོམ་བྱ་ཐབས། ལམ་གྱི་གཞོགས་གཅིག་བཀག་ནས་ཨར་སྐྲུན་བྱ་རྒྱུ།

    བཀག་སྡོམ་བྱ་ཡུལ། དུས་རབས་ལམ་ཆེན་གྱི་བྱང་ངོས། (སྣེའུ་ཟམ་ཆེན་ནས་ལྷོ་ངོས་གཞུང་ལམ་སྣུར་སྲིང་དུམ་བུ་བར)

    བཀག་སྡོམ་དུས་ཚོད། ཟླ་7ཚེས་8ནས་ཟླ་7ཚེས་23ཉིན་བར།

    བཀག་སྡོམ་བྱ་ཐབས། ལམ་གྱི་གཞོགས་གཅིག་བཀག་ནས་ཨར་སྐྲུན་བྱ་རྒྱུ།

    བཀག་སྡོམ་བྱ་ཡུལ། ཐང་ཆེན་གྱི་ཤར་ལམ། (སྣེའུ་ཁུལ་གསར)

    བཀག་སྡོམ་དུས་ཚོད། ཟླ་6ཚེས་17ནས་ཟླ་7ཚེས་17ཉིན་བར།

    བཀག་སྡོམ་བྱ་ཐབས། ལམ་ཧྲིལ་པོ་བཀག་ནས་ཨར་སྐྲུན་བྱ་རྒྱུ།

    བཀག་སྡོམ་བྱ་ཡུལ། འགྲིམ་འགྲུལ་ལམ། (སྣེའུ་ཁུལ་གསར)

    བཀག་སྡོམ་དུས་ཚོད། ཟླ་6ཚེས་17ནས་ཟླ་7ཚེས་17ཉིན་བར།

    བཀག་སྡོམ་བྱ་ཐབས། ལམ་ཧྲིལ་པོ་བཀག་ནས་ཨར་སྐྲུན་བྱ་རྒྱུ།

    ཤ་ཚའི་དྲན་སྐུལ། བཀག་སྡོམ་བྱེད་རིང་། རྒྱ་ཆེའི་ཁ་ལོ་བ་དང་འགྲུལ་པ་ཚོས་ས་གནས་ས་ཐོག་གི་ལས་དོན་མི་སྣའི་བཀོད་འདོམས་ལ་ཉན་ནས་བདེ་འཇགས་དང་ཡ་རབས་ངང་འགྲོ་སྐྱོད་བྱེད་དགོས།

    དམིགས་སུ་སྤྱི་བསྒྲགས་འདི་སྤེལ་བ་ཡིན།

    ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་ཉིང་ལག་རུ་ཁག་གིས།

    2022ལོའི་ཟླ་6ཚེས་13ཉིན།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།