[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>ཞབས་ཞུའི་སྐར་ཁུང་།
  • ལྷ་སའི་དྲ་ཐོག་མངགས་ལྟོའི་ཟ་ཁང་ཁག་ཅིག་གཉེར་སྐྱོང་ལས་སྟེགས་ནས་ཕུད་འདུག

  • ཡོང་ཁུངས།   བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར།    |    རྩོམ་པ་པོ།      |    སྤེལ་དུས།   2022-06-12

    དྲ་ཐོག་མངགས་ལྟོ་ནི་ད་ཆ་མི་མང་ཆེ་བས་རྒྱུན་གཏན་གྱི་ཟ་མ་ཉོ་སྒྲུབ་བྱེད་པའི་གདམ་ག་གལ་ཆེན་ཞིག་ཏུ་གྱུར་ཡོད། དེས་མི་རྣམས་ལ་སྟབས་བདེ་ཡོང་བ་དང་ཆབས་ཅིག་གནད་དོན་ཡང་མི་ཉུང་བ་ཞིག་ཐོན་བཞིན་ཡོད།

    微信图片_20220612105821.png

    དེ་ཡང་དྲ་ཐོག་མངགས་ལྟོ་དེ་ང་ཚོས་རྒྱུན་དུ་དངོས་སུ་ཟ་ཁང་ནང་བསྐྱོད་པ་དང་མི་འདྲ་བར། ཟ་མ་མངགས་སའི་ཟ་ཁང་གི་གཙང་སྦྲ་དང་བཟོ་བའི་བརྒྱུད་རིམ་སོགས་དངོས་སུ་མཐོང་རྒྱུ་མེད་སྟབས། རང་གིས་མངགས་པའི་ཟ་མ་བདེ་འཇགས་ཡིན་མིན་འཛད་སྤྱོད་པ་དང་ཁྲོམ་ར་ལྟ་སྐུལ་དོ་དམ་སྡེ་ཚན་གྱིས་ཐོག་མཐའ་བར་གསུམ་དུ་དོ་སྣང་བྱེད་དགོས་པའི་དོན་ཆེན་ཞིག་ཏུ་གྱུར་ཡོད། དེས་ན། ཟླ་6ཚེས་1ཉིན། ལྷ་ས་གྲོང་ཁྱེར་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས་ཀྱིས་འཛད་སྤྱོད་པས་དགའ་པོ་བྱེད་པ་དང་། དྲ་ཐོག་མངགས་ལྟོའི་ཁ་གྲངས་ཨང་རིམ་མདུན་གྲལ་དུ་སླེབས་པའི་ཟ་ཁང་ཁག་ཅིག་ལ་མའེ་ཐོན་“美团外卖”དང་ཨེ་ལ་མཱ་“饿了么”གཉིས་ཀྱི་འབྲེལ་ཡོད་འགན་འཁུར་བ་དང་མཉམ་དུ་འཕྲལ་སྡོམ་ཞིབ་བཤེར་བྱས་ནས། ལྷ་ས་གྲོང་ཁྱེར་གྱི་ཕྱི་ཚོང་བཟའ་བཏུང་ཁྲོམ་རའི་སྒྲིག་ལམ་སྔར་བས་ཚད་ལྡན་དུ་བཏང་བ་རེད།  

    微信图片_20220612105824.png

     ལྷ་ས་གྲོང་ཁྱེར་གྱི་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས་ཀྱི་ཁྲིམས་འཛིན་མི་སྣས་མའེ་ཐོན་“美团外卖”དང་ཨེ་ལ་མཱ་“饿了么”གཉིས་ཀྱི་ཕྱི་ཚོང་མངགས་ལྟོའི་ལས་སྟེགས་ཀྱི་འབྲེལ་ཡོད་འགན་འཁུར་བ་སྐོང་སྟེ། མཉམ་དུ་ཞོགས་དྲན་ཀླུ་ཐུག་ཇ་ཁང་དང་། ལེའི་ཧའོ་བསྲེགས་བཟས་ཟ་ཁང་། སྐྱིད་ཤོད་ཇ་ཁང་། ཚའེ་ཏ་ཕང་ཞོག་ཁོག་བརྔོས་མ་(བདེ་ཁང་སྡེ་ཁུལ་) cocoཏུའུ་ཁོ་འོ་ཇ་བཅས་ལ་འཕྲལ་སྡོམ་ཞིབ་བཤེར་བྱས་པ་དང་འབྲེལ། ད་ཐེངས་ཀྱི་ཞིབ་བཤེར་ཁྲོད་ཤེས་རྟོགས་བྱུང་བའི་བཟའ་བཅའི་བདེ་འཇགས་འགན་ལེན་མེད་པའི་གནད་དོན་ལ་དམིགས་ནས། ཟ་ཁང་ཁག་ཅིག་འབྲེལ་ཡོད་ཕྱིར་ཚོང་མངགས་ལྟོའི་གཉེར་སྐྱོང་ལས་སྟེགས་ནས་ཕུད་པ་དང་། དུས་བཀག་ནང་བཅོས་སྒྲིག་བྱེད་དགོས་པའི་བླང་བྱ་བཏོན་པ་རེད། 

    微信图片_20220612105922.png

     སླད་ཕྱིན། ལྷ་ས་གྲོང་ཁྱེར་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས་ཀྱིས་ཕྱིར་ཚོང་མངགས་ལྟོའི་ཟ་ཁང་ལ་ལྟ་སྐུལ་དོ་དམ་དང་བཅོས་སྒྲིག་བྱེད་ཤུགས་མུ་མཐུད་ཆེ་རུ་གཏོང་བ་དང་ཆབས་ཅིག ལྷ་ས་གྲོང་ཁྱེར་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས་ཀྱིས་ཕྱིར་ཚོང་མངགས་ལྟོའི་བཟའ་བཏུང་ལས་སྟེགས་ཀྱི་བྱེད་པོའི་འགན་འཁྲི་ནན་དུ་བཏང་སྟེ། ཕྱིར་ཚོང་ལས་སྟེགས་ཐོག་གི་ཟ་ཁང་ལ་རྒྱུན་གཏན་གྱི་ལྟ་སྐུལ་དོ་དམ་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ། ཕྱིར་ཚོང་བཟའ་བཏུང་གི་བདེ་འཇགས་འགན་ལེན་ཡོང་བར་སྐུལ་འདེད་གཏོང་རྒྱུ་ཡིན་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།