[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>ཞབས་ཞུའི་སྐར་ཁུང་།
  • ཚེས་14ནས་ལྷ་མོའི་བླ་མཚོར་ཡུལ་སྐོར་དུ་བསྐྱོད་ཆོག་གི་འདུག

  • ཡོང་ཁུངས།   བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར།    |    རྩོམ་པ་པོ།      |    སྤེལ་དུས།   2022-06-12

    ལྷ་མོའི་བླ་མཚོ་མཛེས་ལྗོངས་ཁུལ་སྒོ་དབྱེའི་སྤྱི་བསྒྲགས།

    ཡུལ་སྐོར་ལས་དོན་ཁང་ཁག་དང་རྒྱ་ཆེའི་ཡུལ་སྐོར་བར་ཞུ་རྒྱུར།

    ལྷོ་ཁ་གྲོང་ཁྱེར་རྒྱ་ཚ་རྫོང་གི་ལྷ་མོའི་བླ་མཚོ་ཡུལ་སྐོར་མཛེས་ལྗོངས་ཁུལ་2022ལོའི་ཟླ་6ཚེས་14ཉིན་ནས་ཕྱི་ཕྱོགས་སུ་སྒོ་དབྱེ་རྒྱུ་དང་ཉིན་རེའི་སྒོ་དབྱེའི་དུས་ཚོད་ནི་ཆུ་ཚོད་8:00པ་ནས་17:30བར་ཡིན། མཛེས་ལྗོངས་ཁུལ་སྒོ་ཕྱེ་རིང་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་བླང་བྱ་གཞིར་བཟུང་། ཡུལ་སྐོར་བས་སྔ་སྣུར་དུ་བདེ་ཐང་ཨང་རྟགས་དང་འགྲོ་སྐྱོད་བཤེར་རྟགས་ཐོ་འགོད་བྱེད་དགོས་པ་མ་ཟད། རང་འགུལ་ངང་ལས་དོན་པར་ཨང་རྟགས་དེ་དག་བསྟན་དགོས། བརྒྱུད་རིམ་ཧྲིལ་པོར་ཁ་རས་རྒྱག་པ་དང་ལས་དོན་པར་གཞོགས་འདེགས་བྱས་ཏེ་གཟུགས་པོའི་ཚ་བའང་ལྟ་དགོས། ང་ཚོས་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་བྱ་ཐབས་ནུས་ཤུགས་ཡོད་རྒུས་དོན་འཁྱོལ་བྱས་ནས་ཡུལ་སྐོར་བའི་བདེ་འཇགས་དང་བདེ་ཐང་འགན་ལེན་ཏན་ཏིག་བྱ་རྒྱུ་ཡིན། ཁྱེད་ཀྱིས་བསམ་ཤེས་དང་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུ།

    སྐུ་ཉིད་ཡུལ་སྐོར་སྤྲོ་པོ་ཡོང་བའི་སྨོན་འདུན་ཞུ།

    བློ་འདྲིའི་ཁ་པར། 0893-7322755

    རྒྱ་ཚ་རྫོང་ཡུལ་སྐོར་འཕེལ་རྒྱས་ཅུས།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།