[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>ཞབས་ཞུའི་སྐར་ཁུང་།
  • མཐོ་རྒྱུགས་སྐོར་གྱི་དཀྲོག་གཏམ་འདིར་ཡིད་གཟབ་གནང་དང་།

  • ཡོང་ཁུངས།   བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར།    |    རྩོམ་པ་པོ།      |    སྤེལ་དུས།   2022-06-07

    ཁ་ས། དྲ་དམངས་ཀྱིས་ཐེར་འདོན་བྱས་པར་གཞིགས་ན། དྲ་ཐོག་ཏུ“ལྷ་སའི་སློབ་མ་ཞིག་གི་རྒྱུགས་སྤྲོད་ལག་ཁྱེར་མཉམ་སྤྱོད་རྐང་འཁོར་ཐོག་ཏུ་ལུས་འདུག་པས། དེ་སུའི་ཡིན་ཚེ་ཁ་པར་13935491860འདི་བརྒྱབ་ནས་འབྲེལ་བ་བྱེད་དང་། ཆ་འཕྲིན་འདི་སྐད་འཕྲིན་གྲོགས་ཚོགས་སུ་བརྒྱུད་བསྐུར་མང་ཙམ་བྱས་ནས་ཕྲུ་གུའི་ཡིག་རྒྱུགས་ལ་འཐུས་ཤོར་མི་ཡོང་བ་བྱེད་རོགས”ཞེས་པའི་ཆ་འཕྲིན་ཞིག་བརྒྱུད་བསྐུར་བྱེད་ཀྱི་ཡོད།

     དྲ་བའི་ཉེན་རྟོག་པས་བདེན་མིན་ཞིབ་དཔྱད་བྱས་པ་བརྒྱུད། ཆ་འཕྲིན་འདི་དཀྲོག་གཏམ་ཡིན་པ་མ་ཟད། མི་མང་པོས་སྐད་འཕྲིན་ནང་བསྐུར་གྱི་ཡོད་པ་ཤེས་རྟོགས་བྱུང་།

    1.jpg

    དྲ་ཐོག་ནས་བཤེར་འཚོལ་བྱས་པར་གཞིགས་ན། རྒྱལ་ཡོངས་ཀྱི་ས་ཁུལ་མང་པོའི་སྤྱི་བདེ་ལས་ཁུངས་དང་གསར་འགྱུར་སྨྱན་སྦྱོར་གྱིས་ཆ་འཕྲིན་འདི་དཀྲོག་གཏམ་ཡིན་པ་ར་སྤྲོད་བྱས་པ་རེད།

    2.jpg

    བོད་ལྗོངས་དྲ་བའི་ཉེན་རྟོག་པས་དྲན་སྐུལ་ཞུ་རྒྱུར།

     ལོ་ལྟར་མཐོ་རྒྱུགས་གཏོང་ཉེའི་མཚམས་སུ། ཁྲིམས་འགལ་བ་ཁག་གཅིག་གིས་དྲ་ཐོག་ནས་མཐོ་རྒྱུགས་ཀྱི་ཆ་འཕྲིན་རྫུན་མ་སྤེལ་ནས། རྒྱ་ཆེའི་རྒྱུགས་སྤྲོད་སློབ་མ་དང་ཁྱིམ་བདག་ལ་མགོ་སྐོར་གཏོང་གི་ཡོད། ཆ་འཕྲིན་ནང་བཞག་པའི་ཁ་པར་ཨང་གྲངས་སྤྱིར་ན་ཁ་བསླུས་རྒྱག་མཁན་གྱི་ཁ་པར་ཨང་གྲངས་ཡིན་ཞིང་། གལ་སྲིད་སེམས་བཟང་བས་ཁ་པར་འདི་བརྒྱབ་ནས། ཕ་རོལ་པོས་བཤད་པ་ལྟར་བྱས་ཚེ“གྲོན་དངུལ་བསྡུ་བའི”ཁ་བསླུས་ནང་ཚུད་སྲིད་པས། ཚང་མས་བརྒྱུད་བསྐུར་གང་བྱུང་བྱེད་མི་རུང་།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།