[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>ཞབས་ཞུའི་སྐར་ཁུང་།
  • ད་ལོའི་བོད་ཀྱི་གཞུང་ལས་པར་བསྡུ་བའི་ཡིག་ཚད་ཀྱི་དུས་ཚོད་དོན་འདུག

  • ཡོང་ཁུངས།   བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར།    |    རྩོམ་པ་པོ།      |    སྤེལ་དུས།   2022-06-07

    2022ལོའི་བོད་ཀྱི་མཐོ་སློབ་སློབ་ཐོན་སློབ་མ་ཡོངས་བསྒྲགས་ངང་གཞུང་ལས་པར་བསྡུ་བའི་ཐོ་འགོད་ཞིབ་བཤེར་དང་ཡིག་རྒྱུགས་གཏོང་བའི་འབྲེལ་ཡོད་ལས་དོན་སྐོར་གྱི་བརྡ་ཐོ།

    རྒྱུགས་སྤྲོད་སློབ་མ་ཚོ།

    ཞིབ་འཇུག་བྱས་པ་བརྒྱུད། 2022ལོའི་རང་ལྗོངས་ཀྱི་མཐོ་སློབ་སློབ་ཐོན་སློབ་མ་ཡོངས་བསྒྲགས་ངང་གཞུང་ལས་པར་བསྡུ་བའི་ཐོ་འགོད་ཞིབ་བཤེར་ཐོག་མ་དང་ཡིག་རྒྱུགས་གཏོང་བ་སོགས་ཀྱི་ལས་དོན་སྤེལ་རྒྱུའི་གཏན་འབེབས་བྱས་པ་དང་།《2022ལོའི་བོད་རང་སྐྱོང་ལྗོངས་ཀྱི་མཐོ་སློབ་སློབ་ཐོན་སློབ་མ་ཡོངས་བསྒྲགས་ངང་གཞུང་ལས་པར་བསྡུ་བའི་སྤྱི་བསྒྲགས》གཏན་འབེབས་བྱས་པར་གཞིགས་ན། ད་ལྟ་འབྲེལ་ཡོད་དོན་ཚན་བརྡ་ཐོ་གཏོང་རྒྱུ་གཤམ་གསལ།

    མིང་ཐོ་འགོད་པའི་དུས་ཚོད།

    ད་ཐེངས་ཀྱི་མིང་ཐོ་འགོད་པའི་དུས་ཚོད་ཟླ་6ཚེས་10ཉིན་གྱི་ཆུ་ཚོད་9:30ནས་ཟླ་6ཚེས་14ཉིན་གྱི་ཆུ་ཚོད་18:30བར་ཡིན་པ་དང་། བོད་རང་སྐྱོང་ལྗོངས་མི་སྤྱི་ཐིང་གི་གཞུང་ཕྱོགས་དྲ་ཚུགས་ནས་མིང་ཐོ་འགོད་དགོས། (དྲ་ཚུགས། http://hrss.xizang.gov.cn)

    ཡིག་རྒྱུགས་ཀྱི་དུས་ཚོད།

    ཟླ་7ཚེས་9ཉིན་ཡིན་པ་དང་། ཞིབ་ཕྲའི་དུས་ཚོད་གཤམ་གསལ།

    སྔ་དྲོའི་ཆུ་ཚོད་09:30—11:30བར་སྲིད་འཛིན་ལས་ནུས་རྒྱུགས་ལེན།

    ཕྱི་དྲོའི་ཆུ་ཚོད་14:30—17:00བར་འབྲི་གླེང་རྒྱུགས་ལེན།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།