[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>ཞབས་ཞུའི་སྐར་ཁུང་།
 • སྤྱི་བསྒྲགས་བྱས་རྗེས་མི་འདི་དག་ལ་ཁ་གསབ་ལེན་རྒྱུ་འདུག

 • ཡོང་ཁུངས།   བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར།    |    རྩོམ་པ་པོ།      |    སྤེལ་དུས།   2022-06-02

  ལྷ་ས་གྲོང་ཁྱེར་གྱི་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་གཏོད་ཀྱི་ཁ་གསབ་རེ་ཞུའི་མིང་ཐོ་སྤྱི་བསྒྲགས།

  《བོད་རང་སྐྱོང་ལྗོངས་ཀྱི་ལས་ཞུགས་མ་དངུལ་ལག་བསྟར་ཞིབ་སྲོལ》(བོད་མི་སྤྱིས་སྤེལ〔2020ལོ〕ཡིག་ཨང་68པ)དང་དེ་བཞིན་འབྲེལ་ཡོད་ཡིག་ཆའི་གཏན་འབེབས་གཞིར་བཟུང་། ད་ལྟ་ལྷ་ས་གྲོང་ཁྱེར(གྲོང་ཁྱེར་རིམ་པ)གྱི་མཐོ་སློབ་སློབ་ཐོན་སློབ་མ་ལྗོངས་ཕྱིར་ལས་ཞུགས་ཐུབ་པའི་ཁ་གསབ་དང་ལག་ཁྱེར་རག་པར་ཁ་གསབ་སྤྲོད་རྩིས་ཡོད་པའི་མིང་ཐོ་ཡོངས་བསྒྲགས་བྱེད་རྒྱུ་གཤམ་གསལ། 

  སྤྱི་བསྒྲགས་ཀྱི་དུས་ཚོད། 2022ལོའི་ཟླ་5ཚེས་31ཉིན་ནས་ཟླ་6ཚེས་6ཉིན་བར་ཡིན། གལ་སྲིད་སྤྱི་བསྒྲགས་བྱ་ཡུལ་ལ་བསམ་འཆར་ཡོད་ཚེ། སྤྱི་བསྒྲགས་སྤེལ་བའི་དུས་ཚོད་ནང་གྲོང་ཁྱེར་མི་སྤྱི་ཅུས་མཐོ་སློབ་ལྟེ་གནས་ལ་བསམ་འཆར་འདོན་ཆོག 

  འབྲེལ་གཏུག་ཁ་པར། 0891-6364490(བརྙན་སྐྱེལ)

  སྦྲག་སྒམ། [email protected]

  འབྲེལ་གཏུག་ས་གནས། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་དོག་སྡེ་བྱང་ལམ་སྒོ་རྟགས་ཨང་17པ(ལྷ་ས་གྲོང་ཁྱེར་མི་ཤུགས་ཐོན་ཁུངས་ཁྲོམ་རའི་མཐོ་སློབ་ལྟེ་གནས)

  ཟུར་མཆན། 

  《མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་གཏོད་ཀྱི་ཁ་གསབ་རེ་ཞུའི་ལས་དོན་རྒྱུན་རྣམ་ཅན་དུ་སྤེལ་རྒྱུའི་སྐོར་གྱི་ལྷ་ས་གྲོང་ཁྱེར་གྱི་སྤྱི་བསྒྲགས》གཞིར་བཟུང་། སློབ་མའི་ཡོང་ཁུངས་དང་། ལས་ཞུགས་ལས་གཏོད་བྱ་ཡུལ་གྱི་རྫོང(ཆུས) གླིང་ཁུལ་བཅས་ཀྱིས་ཞིབ་དཔྱད་བྱས་ནས་སྤྲོད་རྒྱུའི་ཁ་གསབ་དངུལ་དེ་མཚུངས་ཀྱི་རྫོང(ཆུས)དང་གླིང་ཁུལ་གྱིས་ཡོངས་བསྒྲགས་བྱས་ནས་དངུལ་སྨར་སྤྲོད་རྒྱུ།

  ཞར་བྱུང་།

  2022ལོའི་ཟླ་5པར་མཐོ་སློབ་སློབ་ཐོན་སློབ་མར་ལས་ཁྱེར་རག་པར་ཁ་གསབ་སྤྲོད་པའི་མིང་ཐོ།

  1.jpg

  2022ལོའི་ཟླ་5པར་མཐོ་སློབ་སློབ་ཐོན་སློབ་མ་ལྗོངས་ཕྱིར་ལས་ཞུགས་ཐུབ་པར་ཁ་གསབ་སྤྲོད་པའི་མིང་ཐོ། 

  2.jpg

  ལྷ་ས་གྲོང་ཁྱེར་མི་སྤྱི་ཅུས་ནས། 

  2022ལོའི་ཟླ་5ཚེས་31ཉིན། 

  --    --

  འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།