[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>ཞབས་ཞུའི་སྐར་ཁུང་།
  • མགྱོགས་པོ་གཅོད་དང་།ཐ་མག་གི་གནོད་པ་བསམ་ཡུལ་ལས་འདས་པ་རང་རེད།

  • ཡོང་ཁུངས།   བདེ་ཐང་བོད་ལྗོངས།    |    རྩོམ་པ་པོ།      |    སྤེལ་དུས།   2022-05-31

    微信图片_20220531171145.jpg

    世界无烟日

    འཛམ་གླིང་ཐ་མག་མི་འཐེན་པའི་ཉིན་མོ།

    2022/5/31 

    戒烟的好处,你意想不到。

    ཐ་མག་བཅད་པའི་དགེ་མཚན་ནི། ཁྱེད་ཀྱི་བསམ་ཡུལ་ལས་འདས་སྲིད།

    སྐྲན་ནད་ཕོག་པའི་ཉེན་ཁ་ཆུང་དུ་འགྲོ་བ།

    ཐ་མག་བཅད་དེ་ལོ་5ནས10སོང་རྗེས། གློ་བའི་འབྲས་སྐྲན་གྱི་ཤི་ཚད་དེ་ཐ་མག་མ་འཐེན་མཁན་ལས་ཅུང་མང་བ་ཡོད། འོན་ཀྱང་ཐ་མག་བཅད་དེ་ལོ་10ནས15སོང་རྗེས། གློ་བའི་འབྲས་སྐྲན་ཕོག་ཚད་ཐ་མག་མ་འཐེན་མཁན་དང་གཅིག་མཚུངས་ཡིན། འཇར་པན་གྱིས་བརྟག་དཔྱད་བྱས་པར་གཞིགས་ན། ཐ་མག་བསྡོམས་འབོར་རྐང་ཁྲི་20ནང་ཚུན་འཐེན་མཁན་ཞིག་གིས་ཐ་མག་བཅད་ནས་ལོ་4སོང་རྗེས། གློ་བའི་འབྲས་སྐྲན་གྱི་ཤི་ཚད་ཐ་མག་མ་འཐེན་མཁན་དང་གཅིག་མཚུངས་ཡིན། ཐ་མག་བཅད་ན་ད་དུང་མགྲིན་པའི་འབྲས་སྐྲན་དང་ཁ་སྦུག་གི་འབྲས་སྐྲན།  བད་ཀན་མིད་འཆུས་ནད། གཤེར་མའི་འབྲས་སྐྲན། ལྒང་པའི་འབྲས་སྐྲན་སོགས་སྐྲན་ནད་རིགས་མང་པོ་ཕོག་ཚད་དམའ་རུ་གཏོང་ཐུབ།

    སྙིང་གི་ཁྲག་རྩའི་ནད་ཀྱི་ཤི་ཚད་དམའ་རུ་འགྲོ་བ།

    སྙིང་གི་ཁྲག་རྩའི་ནད་ཕོག་པའི་ནད་པས་ཐ་མག་བཅད་ནས་ལོ་གཅིག་སོང་རྗེས་འཆི་ཚད་50%ཙམ་དམའ་རུ་འགྲོ་བ་དང་། དེ་ནས་ལོ་15ཡི་རྗེས་སུ་ཐ་མག་མ་འཐེན་མཁན་དང་གཅིག་མཚུངས་ཡིན་པ་རེད། ཐ་མག་བཅད་ན་སྙིང་རྩ་འགག་པའི་ནད་ལའང་སྔོན་འགོག་བྱེད་ཐུབ།

    གློ་ནད་རིགས་ཉུང་དུ་འགྲོ་བ།

    ཐ་མག་འཐེན་མཁན་ལ་གློ་བའི་ནད་རིགས་དཔེར་ན་དལ་བའི་གློ་ཡུའི་གཉན་ཚད་དང་གློ་བ་རླུང་སྐྲངས་སོགས་ཕོག་གི་ཡོད། དེ་ནི་ཐ་མག་མ་འཐེན་མཁན་གྱི་ལྡབ་4-25རེད། ཐ་མག་བཅད་དེ་གཟའ་འཁོར་འགའ་སོང་རྗེས་གློ་དང་ལུད་པ་ཉུང་དུ་འགྲོ་བ་དང་ཆབས་ཅིག ཆམ་པ་དང་གློ་ཡུའི་གཉན་ཚད་བཅས་ཕོག་པའི་ཉེན་ཁ་ཆུང་དུ་གཏོང་ཐུབ་པ་དང་། གློ་བའི་ནུས་པ་ཇེ་སྡུག་ཏུ་འགྲོ་བར་སྔོན་འགོག་བྱེད་ཐུབ། 

    སྨུག་པོའི་ནད་སེང་དྲག་འགྲོ་བདེ་བ།

    ཐ་མག་འཐེན་མཁན་ལ་ཕོ་བ་དང་རྒྱུ་སོར་བཅུ་གཉིས་ཀྱི་སྨུག་པོའི་ནད་ཕོག་མང་ཙམ་ཡོད་པ་མ་ཟད། ཐ་མག་མ་བཅད་ན་སེང་དྲག་འགྲོ་བར་དཀའ། དེའི་ཕྱིར་ཕོ་བ་དང་རྒྱུ་སོར་བཅུ་གཉིས་ཀྱི་སྨུག་པོའི་ནད་ཕོག་མཁན་གྱིས་ངེས་པར་དུ་ཐ་མག་བཅད་ནས་སྨུག་པོའི་ནད་དྲག་སྐྱེས་ཡོང་ཐབས་བྱེད་དགོས།

    ཚེ་ཚད་ཐུང་དུ་འགྲོ་བ་སྔོན་འགོག་བྱེད་པ།

    ཐ་མག་འཐེན་མཁན་གྱི་ཆ་སྙོམས་ཚེ་ཚད་ཐ་མག་མ་འཐེན་མཁན་ལས་ཐུང་བ་ཡོད།(ཐ་མག་མང་པོ་འཐེན་མཁན་གྱི་ཚེ་ཚད་ལོ་6ནས་9བར་ཐུང་དུ་འགྲོ་བ)དཔེར་ན།  ལོ་25ལ་སླེབས་པའི་མིས་ཉིན་གཅིག་ལ་ཐ་མག་རྐང་40འཐེན་ན། ཁོ་པའི་ཚད་ལོ་མཉམ་གྱི་ཐ་མག་མ་འཐེན་མཁན་ལས་ལོ་8.3ཐུང་བ་ཡོད། ཐ་མག་བཅད་མཁན་གྱི་ཚེ་ཚད་མུ་མཐུད་ཐ་མག་འཐེན་མཁན་ལས་རིང་བ་ཡོད། ཐ་མག་བཅད་ནས་ལོ་10ནས་15བར་སོང་རྗེས། ཆ་སྙོམས་ཀྱི་ཚེ་ཚད་ཐ་མག་མ་འཐེན་མཁན་དང་གཅིག་མཚུངས་ཡིན།

    ཉེ་འགྲམ་གྱི་ཁོར་ཡུག་ལེགས་བཅོས་ཐུབ་པ།

    ཐ་མག་བཅད་རྗེས་ལས་ཀའི་ཁོར་ཡུག་དང་འཚོ་བའི་ཁོར་ཡུག་གི་མཁའ་རླུང་གཙང་མར་གྱུར་ནས། མི་གཞན་ལ་དགོས་མེད་ཀྱི་གནོད་འཚེ་དང་རྙོག་དྲ་མི་ཡོང་བ་བྱས་པ་ལས། ལས་རོགས་ཀྱི་འབྲེལ་བ་ལེགས་སུ་འགྲོ་བ་དང་ནང་མིའི་དབར་གྱི་འགལ་ཟླ་ཉུང་དུ་འགྲོ་སྲིད།

    དཔལ་འབྱོར་གྱི་ཁུར་པོ་ཡང་དུ་འགྲོ་བ།

    ཐ་མག་འཐེན་པ་ལས་བྱུང་བའི་སྨན་བཅོས་འགྲོ་གྲོན་དང་འགན་བཅོལ་མ་གནས་སོགས་ཀྱི་དཔལ་འབྱོར་ཁུར་པོ་ཡང་དུ་འགྲོ་གི་ཡོད། དེ་དང་ཆབས་ཅིག་དངུལ་བཏང་ནས་ཐ་མག་ཉོ་མི་དགོས་ལ་སྤྱི་པའི་བྱེད་སྒོ་སྤེལ་ཡུལ་དུའང་ཐ་མག་འཐེན་པའི་རྐྱེན་གྱིས་དངུལ་ཆད་ཕོག་མིན་ཐད་སེམས་ཁྲལ་བྱེད་མི་དགོས།

    ཚོར་སྣང་སྐྱེན་པོ་དང་ཤ་རྩི་ཡག་ཏུ་འགྲོ་བ།

    ཐ་མག་བཅད་རྗེས་ཀླད་པའི་ཚོར་སྐྱེན་དེ་བས་མགྱོགས་པ་དང་བློ་རྩ་དེབ་བས་གཅིག་ཏུ་སྒྲིམ་ཐུབ། དེ་དང་ཆབས་ཅིག ཐ་མག་བཅད་རྗེས། གཉེར་མ་དང་ནད་ཅན་གྱི་པགས་མདོག་སྐྱ་བོ་རིམ་གྱིས་ཡལ་ནས། བདེ་ཐང་དང་ན་སོ་གཞོན་དུ་འགྲོ་ཐུབ།

    微信图片_20220531171204.png

    མདོར་ན། ཐ་མག་འཐེན་ན་གནོད་པ་བརྒྱ་ལས་ཕན་པ་གཅིག་ཀྱང་མེད། ཐ་མག་བཅད་ན་ཕན་པ་བརྒྱ་ལས་སྐྱོན་གཅིག་ཀྱང་མེད་ཅེས་བཤད་ཆོག ཐ་མག་བཅད་པའི་ཕན་པ་ལ་ལ་མྱུར་དུ་ཐོན་ཐུབ་ཅེས་བཤད་ཆོག

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།