[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>ཞབས་ཞུའི་སྐར་ཁུང་།
  • ལྷ་སར་ཕྱོགས་བསྡུས་ཁྲལ་སྲུང་ཁུལ་དང་པོ་དེ་བཙུགས་འདུག

  • ཡོང་ཁུངས།   བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར།    |    རྩོམ་པ་པོ།      |    སྤེལ་དུས།   2022-05-30

    1.jpg

    2022ལོའི་ཟླ་5ཚེས་27ཉིན། ལྷ་སའི་ཕྱོགས་བསྡུས་ཁྲལ་སྲུང་ཁུལ་འགག་སྒོ་སྤྱི་ཁྱབ་ཧྲུའུ་དང་། རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན། ནོར་སྲིད་པུའུ། རང་བྱུང་ཐོན་ཁུངས་པུའུ་སོགས་པུའུ་ཨུད་བརྒྱད་ལས་གྲུབ་པའི་རྒྱལ་ཁབ་ཀྱི་མཉམ་འབྲེལ་ཞིབ་བཤེར་རྩིས་ལེན་ཚོགས་ཆུང་གིས་དངོས་སུ་ཞིབ་བཤེར་རྩིས་ལེན་བྱས་པ་རེད། ཞིབ་དཔྱད་ནན་པོ་བྱས་པ་བརྒྱུད། ཞིབ་བཤེར་རྩིས་ལེན་ཚོགས་ཆུང་གི་མོས་མཐུན་གཅིག་གྱུར་བྱུང་ཡོད། ཁྲལ་སྲུང་ཁུལ་ལ་ཞིབ་བཤེར་རྩིས་ལེན་ཐུབ་པས། བོད་ཀྱི་ཕྱི་ཕྱོགས་ཚོང་དོན་དཔལ་འབྱོར་འཕེལ་རྒྱས་ལ་སྒུལ་ནུས་གསར་པ་བསྣན་པ་མ་ཟད། བོད་ལ་འགག་སྒོའི་དམིགས་བསལ་ལྟ་འདོམས་ཁུལ་ཁོངས་མེད་པའི་སྟོང་ཆའང་བསྐངས་ཡོད། དེ་ནི་བོད་ཀྱི“ལྗོངས་ནང་ཁུལ་དུ་བཅའ་སྡོད་ཐོན་ལས་དང་། ལེ་ལག་ཚང་བའི་ཐོན་ལས། སྣ་མང་ཟོག་འགྲེམས། ལས་མི་སྤྱོད་པའི་ཐོན་ཁུངས”བཅས་གཞི་གཅིག་ཏུ་འདུས་པའི་འགག་སྒོའི་དམིགས་བསལ་ལྟ་འདོམས་ཁུལ་ཁོངས་དང་པོ་དེ་ཡིན་པ་རེད།

    2.jpg

    2020ལོའི་ཟླ་4པར། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ལྷ་སའི་ཕྱོགས་བསྡུས་ཁྲལ་སྲུང་ཁུལ་འཛུགས་པར་དངོས་སུ་ཆོག་མཆན་སྤྲད་ཅིང་། དེ་ལྷ་ས་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་གྱི་Cཁུལ་དུ་གནས་པ་དང་། མཚོ་བོད་ལྕགས་ལམ་ལྷ་སའི་ཟོག་འདྲེན་ལྟེ་གནས་དང་ཐག་ཉེ་པོ་ཡོད། མཚོ་བོད་གཞུང་ལམ་དང་ཁྲོན་བོད་གཞུང་ལམ་དང་སྦྲེལ་བའི་གྲོང་ཁྱེར་གྱི་མྱུར་བགྲོད་གཞུང་ལམ་ཁྲལ་སྲུང་ཁུལ་ནས་བརྒྱུད་པ་དང་། ལྷ་ས་གོང་དཀར་རྒྱལ་སྤྱིའི་གནམ་ཐང་དང་བར་ཐག་སྤྱི་ལེ་40ལས་མེད་པས། ས་ཁོངས་ཀྱི་ལེགས་ཆ་དང་འགྲིམ་འགྲུལ་གྱི་ལེགས་ཆ་མངོན་གསལ་དོད་པོ་ཡོད། ལྷ་སའི་ཕྱོགས་བསྡུས་ཁྲལ་སྲུང་ཁུལ་དང་དེའི་ལེ་ལག་ཚང་བའི་ས་ཁོངས་ཀྱི་འཆར་འགོད་ཀྱི་སྤྱིའི་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་4.881ཟིན་པ་དང་ཁུལ་ཁོངས་ཀྱི་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་0.84ཟིན་གྱི་ཡོད།

    3.jpg

    མིག་སྔའི་བར། རྒྱལ་ཡོངས་སུ་བོད་རང་སྐྱོང་ལྗོངས་ཕུད་པའི་ཞིང་ཆེན(རང་སྐྱོང་ལྗོངས་དང་ཐད་སྐྱོང་གྲོང་ཁྱེར)30ལ་འགག་སྒོའི་དམིགས་བསལ་ལྟ་འདོམས་ཁུལ་ཁོངས་168དང་ཕྱོགས་བསྡུས་ཁྲལ་སྲུང་ཁུལ་156བཙུགས་ཡོད་པ་དང་། 2021ལོར་རང་རྒྱལ་གྱི་ཕྱོགས་བསྡུས་ཁྲལ་སྲུང་ཁུལ་གྱི་ཕྱིར་གཏོང་ནང་འདྲེན་གྱི་དངུལ་འབོར་སྒོར་དུང་ཕྱུར་ཁྲི་5.90ཟིན་པ་དེ་དུས་མཚུངས་ལས་23.8%འཕར་བ་དང་ཕྱིར་གཏོང་ནང་འདྲེན་གྱི་སྤྱིའི་དངུལ་འབོར་གྱི་15.1%བཟུང་ནས། ཕྱི་ཕྱོགས་ཚོང་དོན་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ལས་སྟེགས་གལ་ཆེན་ཞིག་དང“འཁོར་རྒྱུག་གཉིས”ཀྱི་འཕེལ་རྒྱས་ཀྱི་བཀོད་པ་གསར་པ་གཏོད་པའི་འདེགས་སྐྱོར་གྱི་རྣམ་གྲངས་དང་སྐུལ་འདེད་གཏོང་ཆས་ཤིག་ཏུ་གྱུར་ཡོད་པ་རེད།

    4.jpg

    འགག་སྒོ་ལས་ཁུངས་ཀྱི་བསྡོམས་རྩིས་ལས་མངོན་པར་གཞིགས་ན། 2021ལོར་བོད་རང་སྐྱོང་ལྗོངས་ཀྱི་ཕྱི་ཕྱོགས་ཚོང་དོན་གྱི་ཕྱིར་གཏོང་ནང་འདྲེན་གྱི་སྤྱིའི་དངུལ་འབོར་སྒོར་དུང་ཕྱུར་40.16ཟིན་པ་དེ་88.3%འཕར་བ་དང་། བོད་ཀྱིས“རྒྱུད་གཅིག་ལམ་གཅིག”ལམ་རྒྱུད་ཀྱི་རྒྱལ་ཁབ་དང་ས་ཁུལ་ལ་ཕྱིར་གཏོང་ནང་འདྲེན་བྱས་པའི་སྤྱིའི་དངུལ་འབོར་སྒོར་དུང་ཕྱུར་19.82ཟིན་པ་དེ་38.4%འཕར་ཡོད། ལྷ་སའི་ཕྱོགས་བསྡུས་ཁྲལ་སྲུང་ཁུལ་དངོས་སུ་འཁོར་རྒྱུག་བྱས་རྗེས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཧུར་ཐག་ཐེབས་ནས། བོད་ཀྱིས་ཨེ་ཤེ་ཡ་ལྷོ་མར་ཕྱོགས་པའི་བགྲོད་ལམ་འཛུགས་སྐྲུན་དང་ནུབ་རྒྱུད་ཀྱི་སྐམ་མཚོའི་བགྲོད་ལམ་གསར་པ་འཛུགས་སྐྲུན་འབྲེལ་མཐུད་ནུས་ལྡན་ལ་རམ་འདེགས་ཐུབ་རྒྱུ་རེད།

    5.jpg

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།