འཚོ་བའི་ནང་གནས་ཚུལ་རིགས་7པོ་དེ་དག་འཕྲད་སྐབས། 110ཉེན་དོན་སྙན་སེང་ཁ་པར་རྒྱག་ཆོག་པ་དང་། དེ་མིན་གྱི་གནས་ཚུལ་རིགས་ལ་110ཉེན་དོན་སྙན་སེང་ཁ་པར་བརྒྱབ་ན་བདག་སྤྲོད་མི་བྱེད་པ་དང་དོ་དམ་བྱེད་ཁོངས་ནང་ཚུད་ཀྱི་མེད། 1.ཉེས་དོན་གྱོད་གཞི།
2.བདེ་འཇཌ་གྱོད་གཞི་དང་དོན་རྐྱེན།
3.མི་ལུས་དང་རྒྱུ་ནོར་གྱི་བདེ་འཇགས་སམ་ཡང་ན་སྤྱི་ཚོགས་ཀྱི་བདེ་འཇགས་སྒྲིག་ལམ་ལ་གནོད་པའི་ཁྱུ་ཚོགས་རང་བཞིན་གྱི་དོན་རྐྱེན།
4.རང་བྱུང་གནོད་འཚེ་དང་། བདེ་འཇགས་གནོད་འཚེའི་ལས་འཛོལ། མེ་སྐྱོན། འགྲིམ་འགྲུལ་ལས་འཛོལ།
5.སྤྱི་བདེ་ལས་ཁུངས་ཀྱིས་འཕྲལ་མར་ཐག་གཅོད་བྱེད་དགོས་པའི་ཁྲིམས་འགལ་ཉེས་གསོག་དང་འབྲེལ་བའི་ཉེན་དོན་སྙན་སེང་གཞན་དག
6.སྤྱི་པ་དང་མང་ཚོགས་ཀྱི་བདེ་འཇགས་ལ་གནོད་པའི་འཕྲལ་མར་ཐག་གཅོད་བྱེད་དགོས་པའི་ཛ་དྲག་རོགས་སྐྱོར་རེ་ཞུ།
7.ཐོན་བཞིན་པའི་ཁྲིམས་འགལ་ཉེས་གསོག་བྱེད་སྤྱོད།