[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>ཞབས་ཞུའི་སྐར་ཁུང་།
  • གཟའ་འཁོར་འདིའི་གནམ་གཤིས།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-11-26

    གཟའ་འཁོར་འདིའི་ནང་ལྷགས་པ་ཆེན་པོ་རྒྱག་མང་བ་དང་དྲོད་ཚད་འཕར་ཆག་ཆེ་བ།

    གཅིག གཟའ་འཁོར་འདིའི་གནམ་གཤིས་སྔོན་བརྡ། (ཟླ་11ཚེས་25ཉིན་ནས་ཟླ་12ཚེས་1ཉིན་བར)

    གཟའ་ཟླ་བ་དང་མིག་དམར་ལ། ལྗོངས་ཡོངས་སུ་གནམ་དྭངས་པ་ནས་སྤྲིན་པ་མང་དུ་འགྲོ་རྒྱུ།

    གཟའ་ལྷག་པ་དང་ཕུར་བུར། མངའ་རིས་ཀྱི་ལྷོ་རྒྱུད་དང་གཞིས་རྩེའི་ལྷོ་རྒྱུད་དུ་གནམ་འཐིབས་ནས་གངས་སིམ་སིམ་འབབ་རྒྱུ་དང་། ས་ཁུལ་གཞན་དག་ལ་གནམ་དྭངས་པ་ནས་སྤྲིན་པ་མང་དུ་འགྲོ་རྒྱུ།

    གཟའ་པ་སངས་ནས་ཉི་མའི་བར། ཉིང་ཁྲིར་སྤྲིན་པ་མང་པོ་འཁོར་རྒྱུ་དང་། ས་ཆ་ཆ་ཤས་སུ་གངས་སིམ་སིམ་འབབ་རྒྱུ། ས་ཁུལ་གཞན་དག་ལ་གནམ་དྭངས་པ་ནས་སྤྲིན་པ་མང་དུ་འགྲོ་རྒྱུ།

    གཟའ་འཁོར་འདིའི་ནང་རང་ལྗོངས་སུ་དྲོད་ཚད་འཕར་ཆག་ཆེ་བ་དང་། བྱང་ཐང་རྒྱུད་དང་གཞིས་རྩེའི་ལྷོ་རྒྱུད་དུ་ལྷགས་པ་ཆེན་པོ་རིམ་པ་7ཡས་མས་རྒྱག་རྒྱུ། ཡར་ཀླུང་གཙང་པོ་རྒྱུག་ཁུལ་གྱི་ལུང་གཞུང་དུ་ཐོལ་རླུང་རིམ་པ་5ཡས་མས་རྒྱག་རྒྱུ་དང་ཉིན་དགུང་ཡོལ་རྗེས་ཐལ་རྡུལ་ལངས་རྒྱུ།

    གཉིས། གྲོས་འགོ

    1.གཟའ་འཁོར་འདིའི་ནང་རང་ལྗོངས་སུ་ཆར་ཆུ་མང་པོ་མེད་པ་དང་ལྷགས་པ་ཆེན་པོ་རྒྱག་མང་བས་ནགས་ཚལ་དང་རྩྭ་ཐང་གི་མེ་སྐྱོན་སྔོན་འགོག་ལས་དོན་ཡག་པོ་སྒྲུབ་དགོས།

    2.དྲོད་ཚད་འཕར་ཆག་ཆེ་བས་དྲོ་ཇུས་གནང་དགོས།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།