[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>ཞབས་ཞུའི་སྐར་ཁུང་།
  • གཟའ་འཁོར་འདིའི་གནམ་གཤིས།

    ​ གཟའ་འཁོར་འདིའི་ནང་ཆར་ཆུ་འབབ་ཉུང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-10-15

    གཅིག གཟའ་འཁོར་འདིའི་གནམ་གཤིས་སྔོན་བརྡ། (ཟླ་10ཚེས་14ཉིན་ནས་ཟླ་10ཚེས་20ཉིན་བར)

    གཟའ་ཟླ་བ་དང་མིག་དམར་ལ་ནག་ཆུའི་དབུས་ཤར་རྒྱུད་དང་། ཆབ་མདོ། ཉིང་ཁྲི་བཅས་སུ་གངས(ཆར་པ)ཆུང་བ་འབབ་རྒྱུ་དང་ས་ཆ་ཁག་གཅིག་ལ་གངས་འབྲིང་བ་འབབ་རྒྱུ། མངའ་རིས་ས་ཁུལ་གྱི་ལྷོ་ནུབ་རྒྱུད་དུ་སྤྲིན་པ་མང་པོ་འཁོར་ནས་གངས་སིམ་སིམ་འབབ་རྒྱུ་དང་ས་ཆ་ཁག་གཅིག་ལ་སྤྲིན་པ་མང་པོ་འཁོར་རྒྱུ།

    གཟའ་ལྷག་པ་དང་ཕུར་བུར་ནག་ཆུའི་ཤར་རྒྱུད་དང་། ཆབ་མདོའི་བྱང་རྒྱུད་དང་གཙང་པོ་རྒྱུག་ཁུལ་དུ་གངས(ཆར་པ)ཆུང་བ་འབབ་རྒྱུ་དང་ས་ཆ་ཁག་གཅིག་ལ་སྤྲིན་པ་ཉུང་ཉུང་འཁོར་རྒྱུ། ནུབ་ནས་ཤར་དུ་དྲོད་ཚད་ཧྲེ་ཧྲི་ཏུའུ་3ནས་5བར་ཆག་རྒྱུ།

    གཟའ་པ་སངས་ནས་ཉི་མའི་བར་བོད་བྱང་ཐང་རྒྱུད་དང་ལྷོ་རྒྱུད་ཀྱི་ས་བབ་མཐོ་བའི་ས་ཆར་ལྷགས་པ་ཆེན་པོ་རིམ་པ་5ནས་7བར་རྒྱག་རྒྱུ།

    གཉིས།  གྲོས་འགོ

    1.ནགས་ཁུལ་དུ་མེ་ཟོན་གྱི་ལས་དོན་ཡག་པོ་སྒྲུབ་དགོས།

    2.ས་བབ་མཐོ་བའི་འབྲོག་ཁུལ་དུ་ཕྱུགས་རིགས་ཀྱི་དྲོད་སྲུང་ལ་དོ་སྣང་བྱེད་དགོས།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རིང་ཆོས་སྒྲོན།