[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>ཞབས་ཞུའི་སྐར་ཁུང་།
  • ང་ཚོས་རྒས་སླ་བའི་གོམས་གཤིས་འདི་རིགས་ཅི་ནས་ཀྱང་དོར་དགོས།

  • ཡོང་ཁུངས།   བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར།    |    རྩོམ་པ་པོ།      |    སྤེལ་དུས།   2019-10-15

    ཞོགས་ཟས་མི་ཟ་བ།

    ཞོགས་ཟས་མ་བཟས་ན་ཕོ་རྒྱུར་གནོད་པ་ཆེན་པོ་ཡོད་ལ། དཀའ་ལས་ལམ་སེང་ཁ་བ་དང་། ཕོ་བ་མི་བདེ་བ། མགོ་ན་བ་སོགས་ཡོང་སྲིད་པ་མ་ཟད། ད་དུང་མཁྲིས་རྡོའང་ཆགས་ཏེ་མགྱོགས་པོ་རྒས་འགྲོ་ཡི་ཡོད།

    ཁོག་པ་སྟོང་པར་རྒྱུག་ཤར་གློད་པ།

    གལ་སྲིད་ཁ་ལག་གང་ཡང་མ་བཟས་པར་རྒྱུག་ཤར་གློད་ན། སྙིང་ཁ་གཡུག་ཤུགས་ཆེ་རུ་ཕྱིན་ནས་སྙིང་གི་ཁུར་པོ་ལྕི་རུ་འགྲོ་བ་དང་། མཆིན་པའི་དྭངས་མ་དབྱེ་འབྱེད་ཀྱི་ནུས་པ་ཞན་པར་འགྲོ་བས་རྒས་སླ་པོ་ཡོད།

    ཉལ་ཁར་སོ་མི་འཁྲུ་བ།

    ཉལ་ཁར་སོ་མ་བཀྲུས་ན་སོ་རུལ་སླ་བ་དང་། སོ་སྙིང་ནས་ཁྲག་དོན་པ་མ་ཟད། ད་དུང་སོ་མགྱོགས་པོ་བུད་ནས་རྒས་འགྲོ་ཡི་ཡོད།

    ཉལ་ཁར་གདོང་མི་འཁྲུ་བ།

    གདོང་གི་བྱུག་རྫས་དང་། ཐལ་རྡུལ། རྔུལ་ནག་སོགས་ཀྱིས་པགས་པར་གནོད་འཚེ་ཆེན་པོ་བཟོ་ཡི་ཡོད་ལ། བ་སྤུའི་བུ་ག་སོགས་འགགས་ཏེ་མགྱོགས་པོ་རྒས་སྲིད།

    སྒྲོག་ཙེའི་སྒང་ལ་སྤུས་ཚད་ཡག་པོ་མེད་པའི་རས་འདིང་བ།

    སྤུས་ཚད་ཡག་པོ་མེད་པའི་རས་དག་གཙང་སྦྲ་བྱེད་ཁག་ལ་ཁ་ཤས་ལ་དུག་ཤེད་ལྡན་པས། འདི་རིགས་ཡུན་རིང་བེད་སྤྱོད་བཏང་ཚེ་རྒྱུན་ནད་རང་བཞིན་གྱི་དུག་ཕོག་པའི་ཉེན་ཁ་ཤིན་ཏུ་ཆེ་ལ་ང་ཚོའི་ལུས་པོ་ཡང་མགྱོགས་པོ་རྒས་སྲིད།

    ར་བཟི་རྗེས་ཇ་གར་པོ་འཐུང་བ།

    ཇ་ལོར་ཀོག་ཧྥེའི་བུལ་རྒྱུ་ལྡན་ཡོད་པས། དེ་ཨ་རག་ཉིང་ཁུ་དང་འདྲེས་ཚེ་མིའི་ལུས་པོར་གནོད་འཚེ་ཚབས་ཆེན་བཟོ་སྲིད་པས་མི་དེ་བས་རྒས་སླ་པོ་ཡོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རིང་ཆོས་སྒྲོན།