[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>ཞབས་ཞུའི་སྐར་ཁུང་།
  • ད་ལོའི་གཞུང་ལས་པ་བསྡུ་བའི་ཡིག་རྒྱུགས་ཁག་བཞི་པའི་སྤྱི་བསྒྲགས།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-10-09

    བོད་རང་སྐྱོང་ལྗོངས་ཀྱི་2019ལོའི་མཐོ་སློབ་སློབ་ཐོན་སློབ་མའི་ཡོངས་བསྒྲགས་རྒྱུགས་བསྡུ་ཁག་བཞི་པའི་སྤྱི་བསྒྲགས། 

    《བྱ་གཞག་ཚན་པའི་མི་དོན་དོ་དམ་སྲོལ་ཡིག》(རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀའ་རྒྱ་ཨང་652པ)དང《བྱ་གཞག་ཚན་པའི་ཡོངས་བསྒྲགས་གདན་ཞུའི་མི་སྣའི་གནས་སྐབས་ལག་བསྟར་གཏན་འབེབས》(མི་དོན་པུའི་བཀའ་རྒྱ་ཨང་6པ)སོགས་ཀྱི་གཏན་འབེབས་གཞིར་བཟུང་། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་མོས་མཐུན་ཐོབ་པ་བརྒྱུད། བོད་རང་སྐྱོང་ལྗོངས་ཀྱི་2019ལོའི་མཐོ་སློབ་སློབ་ཐོན་སློབ་མའི་ཡོངས་བསྒྲགས་རྒྱུགས་བསྡུ་ཁག་བཞི་པར་བྱ་གཞག་ཚན་པའི་ལས་དོན་མི་སྣ་བསྡུ་རྒྱུའི་གཏན་འབེབས་བྱས་པ་དང་། ད་ལྟ་འབྲེལ་ཡོད་དོན་དག་སྤྱི་བསྒྲགས་བྱ་རྒྱུ་གཤམ་གསལ།

    གཅིག རྒྱུགས་བསྡུའི་གྲངས་འབོར།

    བོད་རང་སྐྱོང་ལྗོངས་ཀྱི་2019ལོའི་མཐོ་སློབ་སློབ་ཐོན་སློབ་མའི་ཡོངས་བསྒྲགས་རྒྱུགས་བསྡུ་ཁག་བཞི་པར་བྱ་གཞག་ཚན་པའི་ལས་དོན་མི་སྣ་1000བསྡུ་རྩིས་ཡོད་པའི་ནང་ས་གནས(གྲོང་ཁྱེར)ཁག་གི་གཞི་རིམ་བྱ་གཞག་ཚན་པར་མི་250(ལྷ་ས་གྲོང་ཁྱེར་དུ་མི་23དང་། གཞིས་རྩེ་གྲོང་ཁྱེར་དུ་མི་47 ལྷོ་ཁ་གྲོང་ཁྱེར་དུ་མི་34 ཉིང་ཁྲི་གྲོང་ཁྱེར་དུ་མི་34 ཆབ་མདོ་གྲོང་ཁྱེར་དུ་མི་49 ནག་ཆུ་གྲོང་ཁྱེར་དུ་མི་39 མངའ་རིས་ས་ཁུལ་དུ་མི་24)ཡིན་པ་དང་། སློབ་གསོའི་ཁོངས་གཏོགས་སུ་མི་600དང་། དེ་བཞིན་ལྗོངས་ཐད་གཏོགས་ལས་ཁུངས་ཀྱི་ཁོངས་གཏོགས་བྱ་གཞག་ཚན་པ་དང་ལྗོངས་ཐད་གཏོགས་བྱ་གཞག་ཚན་པར་མི་150བསྡུ་རྒྱུ་རེད་འདུག

    གཉིས། མིང་ཐོ་འགོད་པའི་དུས་ཚོད་དང་མིང་ཐོ་འགོད་ཐབས།

    (གཅིག)མིང་ཐོ་འགོད་པའི་དུས་ཚོད།

    མིང་ཐོ་འགོད་པའི་དུས་ཚོད་ནི་2019ལོའི་ཟླ་10ཚེས་10ཉིན་གྱི་ཆུ་ཚོད་9:30ནས་ཟླ་10ཚེས་14ཉིན་གྱི་ཆུ་ཚོད་18:30བར་རེད། 

    (གཉིས)མིང་ཐོ་འགོད་ཐབས། 

    དྲ་ཐོག་ནས་མིང་ཐོ་འགོད་པའི་བྱེད་ཐབས་སྤྱོད་རྒྱུ་དང་། མིང་ཐོ་འགོད་མཁན་ཚོས་ལས་གནས་གཅིག་མ་གཏོགས་མིང་ཐོ་འགོད་མི་ཆོག རྒྱུགས་སྤྲོད་ཀྱི་ཆ་རྐྱེན་དང་མཐུན་པའི་སློབ་མས་བོད་རང་སྐྱོང་ལྗོངས་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་གི་དྲ་ཚུགས(http: //hrss.xizang.gov.cn)“བོད་རང་སྐྱོང་ལྗོངས་ཀྱི་2019ལོའི་མཐོ་སློབ་སློབ་ཐོན་སློབ་མའི་ཡོངས་བསྒྲགས་རྒྱུགས་བསྡུ་ཁག་བཞི་པའི་མིང་ཐོ་འགོད་ཡུལ”བརྒྱུད་མིང་ཐོ་འགོད་པའི་བརྒྱུད་རིམ་ལྟར་མིང་ཐོ་འགོད་དགོས།

    (གསུམ)རྒྱུགས་སྤྲོད་འཛིན་ཡིག་ཕབ་ལེན་དང་པར་རྒྱག

    རྒྱུགས་སྤྲོད་སློབ་མས་2019ལོའི་ཟླ་10ཚེས་24ཉིན་གྱི་སྔ་དྲོའི་ཆུ་ཚོད་9:30ནས་བཟུང་བོད་རང་སྐྱོང་ལྗོངས་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་གི་དྲ་ཚུགས(http: //hrss.xizang.gov.cn)བརྒྱུད་རང་གི་རྒྱུགས་སྤྲོད་འཛིན་ཡིག་ཕབ་ལེན་དང་པར་རྒྱག་བྱས་ཆོག

    གསུམ། ཡིག་རྒྱུགས་གཏོང་ས།

    ད་ཐེངས་ཀྱི་ཡིག་རྒྱུགས་ལ་རྒྱུགས་ཁུལ་10བཙུགས་ཡོད། དེའི་ནང་ལྗོངས་ནང་ཁུལ་དུ་རྒྱུགས་ཁུལ་7(ལྷ་ས་དང་། གཞིས་རྩེ། ལྷོ་ཁ། ཉིང་ཁྲི། ཆབ་མདོ། ནག་ཆུ། མངའ་རིས)བཅས་དང་། ལྗོངས་ཕྱིར་རྒྱུགས་ཁུལ་3(ཞན་དབྱང་དང་ཧྲན་ཏུང་ཅི་ནན། ཅི་ལིན་ཁྲང་ཁྲུན)བཀོད་སྒྲིག་བྱས་ཡོད། རྒྱུགས་གཏོང་ས་ཞིབ་ཕྲ་རྒྱུགས་སྤྲོད་འཛིན་ཡིག་ལ་ལྟ་དགོས།

    བཞི། ཡིག་རྒྱུགས་དུས་ཚོད།

    ཡིག་རྒྱུགས་གཏོང་བའི་དུས་ཚོད་ནི་2019ལོའི་ཟླ་10ཚེས་26ཉིན་གྱི་སྔ་དྲོའི་ཆུ་ཚོད་9:30ནས་11:00

    བརལས་རིགས་འཇོན་ཐང་ཕྱོགས་ལྷུང་ཞིབ་དཔྱདདང་། ཆུ་ཚོད་11:00-13:00བརཕྱོགས་བསྡུས་བཀོལ་སྤྱོད་འཇོན་ཐང་། (ཆེད་ལས ) 》ཡིག་རྒྱུགས་ཚན་ཁག་གཉིས་པོ་བསྟུད་མར་གཏོང་རྒྱུ་རེད།

    ཡིག་རྒྱུགས་རིགས་ཚན《ལས་རིགས་འཇོན་ཐང་ཕྱོགས་ལྷུང་ཞིབ་དཔྱད》དང་། 《ཕྱོགས་བསྡུས་བཀོལ་སྤྱོད་འཇོན་ཐང་། (ཆེད་ལས)》གཉིས་ཡིན་པ་དང་། ཡིགས་རྒྱུགས་ཀྱི་རིགས་དབྱེར་གཞིགས་ནས་ཕྱོགས་བསྡུས་དོ་དམ(Aརིགས)དང་། སྤྱི་ཚོགས་ཚན་རིག་གི་ཆེད་ལས་ལག་རྩལ(Bརིགས) རང་བྱུང་ཚན་རིག་ཆེད་ལས་ལག་རྩལ(Cརིགས) སློབ་གྲྭ་འབྲིང་ཆུང་གི་དགེ་རྒན(Dརིགས) སྨན་བཅོས་འཕྲོད་བསྟེན(Eརིགས) བོད་ལུགས་གསོ་རིག་དང་བོད་སྨན་གྱི་ནད་སྐྱོང(Zརིགས)བཅས་རིགས་དྲུག་ཏུ་དབྱེ་ཡོད། རྒྱུགས་བསྡུའི་ལས་གནས་ཁག་གི་རྒྱུགས་སྤྲོད་ཚན་ཁག་ཞིབ་ཕྲབོད་རང་སྐྱོང་ལྗོངས་ཀྱི་2019ལོའི་མཐོ་སློབ་སློབ་ཐོན་སློབ་མའི་ཡོངས་བསྒྲགས་རྒྱུགས་བསྡུ་ཁག་བཞི་པའི་སློབ་བསྡུའི་འཆར་གཞིའི་རེའུ་མིག》ལ་གཟིགས། 

    བོད་རང་སྐྱོང་ལྗོངས་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་།

    2019ལོའི་ཟླ་10ཚེས་6ཉིན།

    (ད་ཐེངས་རྒྱུགས་བསྡུའི་ནང་དོན་ཞིབ་ཕྲ་བོད་རང་སྐྱོང་ལྗོངས་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་གི་དྲ་ཚུགས་ལ་གཟིགས་རོགས། )

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།