[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>ཞབས་ཞུའི་སྐར་ཁུང་།
  • རྒྱལ་སྟོན་གྱི་ངལ་གསོའི་བརྡ་ཐོ།

  • ཡོང་ཁུངས།   བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར།    |    རྩོམ་པ་པོ།      |    སྤེལ་དུས།   2019-09-26

    2019ལོའི་རྒྱལ་སྟོན་གྱི་ངལ་གསོ་བཀོད་སྒྲིག་སྐོར་གྱི་ལྷ་ས་གྲོང་ཁྱེར་མི་དམངས་སྲིད་གཞུང་གཞུང་དོན་ཁང་གི་བརྡ་ཐོ། 

    གྲོང་ཁྱེར་དུ་བཅའ་སྡོད་ཚན་པ་ཁག་ལ། 

    《2019ལོའི་དུས་ཆེན་དང་ངལ་གསོ་འགའ་བཀོད་སྒྲིག་སྐོར་གྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གི་བརྡ་ཐོ》(རྒྱལ་གཞུང་གིས་སྤེལ〔2018〕ཨང་15པ)ཡི་དགོངས་དོན་གཞིར་བཟུང་། ད་ལྟ་2019ལོའི་རྒྱལ་སྟོན་དུས་ཆེན་གྱི་ངལ་གསོ་བཀོད་སྒྲིག་བྱ་རྒྱུ་གཤམ་གསལ་ཏེ། 

    2019ལོའི་ཟླ་10ཚེས་1ཉིན་ནས་ཚེས་7ཉིན་བར་ཁྱོན་ཉིན་7ངལ་གསོ་འཇོག་རྒྱུ། ཟླ་9ཚེས་29ཉིན(གཟའ་ཉི་མ)དང་ཟླ་10ཚེས་12ཉིན(གཟའ་སྤེན་པ)ལས་ཀ་བྱེད་དགོས། 

    ངལ་གསོའི་རིང་། སྡེ་ཚན་ཁག་གིས་ལས་རེས་དང་། བདེ་འཇགས། བདེ་སྲུང་སོགས་ཀྱི་ལས་དོན་བཀོད་སྒྲིག་འོས་འཚམ་བྱེད་དགོས་པ་དང་། གལ་ཏེ་ཐོལ་བྱུང་དོན་རྐྱེན་ཐོན་ཚེ་གཏན་འབེབས་ལྟར་དུས་ཐོག་ཏུ་སྙན་སེང་དང་ཐག་གཅོད་འོས་འཚམ་བྱས་ནས་མི་དམངས་མང་ཚོགས་ལ་འཆམ་མཐུན་དང་བདེ་འཇགས་ལྡན་པའི་ངལ་གསོ་ཞིག་རྒྱག་ཐུབ་པ་བྱེད་དགོས། 

    ཟླ་10ཚེས་1ཉིན་ནས་སང་ལོའི་ཟླ་4ཚེས་30ཉིན་བར། དགུན་དུས་ཀྱི་ལས་ཀའི་དུས་ཚོད་ལག་ལེན་བསྟར་རྒྱུ་ཡིན། 

    དགུན་དུས་ཀྱི་ལས་ཀའི་དུས་ཚོད། སྔ་དྲོ། 09:30-13:00 ཕྱི་དྲོ་15:30-18:00 

    ཆེད་དུ་བརྡ་ཐོ་འདི་བཏང་། 

    ལྷ་ས་གྲོང་ཁྱེར་མི་དམངས་སྲིད་གཞུང་གཞུང་དོན་ཁང་། 

    2019ལོའི་ཟླ་9ཚེས་23ཉིན།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།