[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>ཞབས་ཞུའི་སྐར་ཁུང་།
  • ཉང་བྲན་ལུང་ཤུར་བརྒྱུད་མཁན་གྲོང་མི་ཡོངས་ལ་ཆེད་དུ་ཕུལ།

  • ཡོང་ཁུངས།   བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར།    |    རྩོམ་པ་པོ།      |    སྤེལ་དུས།   2019-09-26

    111.jpg

    ཟླ་9ཚེས་19ཉིན། གསར་འགོད་པར་ཉང་བྲན་ཁྲོམ་གཞུང་དོན་གཅོད་ཁྲུའུ་ནས་ཤེས་རྟོགས་བྱུང་བར། བོད་དམག་ཁུལ་སྤྱི་ཁྱབ་སྨན་ཁང་ནས་ཉང་བྲན་ལུང་ཤུར་བར་གྱི་ལམ་དུམ་སྒྱུར་བཀོད་ལས་གྲྭའི་ལས་ཡུན་རིང་དུ་གཏོང་རྒྱུ་ཡིན་པ་རེད། ལས་གྲྭའི་རྣམ་གྲངས་འགན་འཁུར་བས་ལམ་དུམ་དེའི་རྒྱུད་དུ་ཁང་པ་བཤིག་དགོས་པས། ལས་ཡུན་རིང་དུ་མི་གཏོང་ཀ་མེད་བྱུང་བ་དང་། ལམ་རྒྱུད་ཀྱི་ཁང་པ་བཤིག་ནས་སྤོས་རྗེས། སྔོན་དཔག་བྱས་ན་ཟླ་11ཚེས་15ཉིན་མི་བགྲོད་ལམ་དང་ལམ་སྒྲོན་སོགས་འགྲོ་ལམ་གྱི་རྨང་གཞིའི་སྒྲིག་བཀོད་ཆ་ཚང་དང་ལས་གྲྭ་ཁྱོན་ཡོངས་ལེགས་གྲུབ་ཟིན་རྒྱུ་རེད་ཅེས་ངོ་སྤྲོད་བྱས་བྱུང་། དེ་དང་དུས་མཚུངས། འགན་འཁུར་བས་ལམ་དུམ་ཁག་གཅིག“རྒྱལ་སྟོན”གོང་ཤར་གཏོང་ཐུབ་རྒྱུ་རེད་ཅེས་བརྗོད་བྱུང་། 

    མིག་སྔར། ལམ་དུམ་འདིར་ཨར་པོ་རྒྱག་དང་རྒྱག་མུས་ཡིན་སྟབས། འགན་འཁུར་བ་དེས་ལམ་འདི་ངེས་པར་དུ་བརྒྱུད་དགོས་མེད་ཚེ་དེ་ལས་གཡོལ་དགོས་པ་དང་ལས་ཡུལ་དུ་འཕྲུལ་ཆས་ཆེ་གྲས་མང་དག་ཅིག་ལས་སྒྲུབ་བྱེད་ཀྱིན་ཡོད་པས། ཚང་མས་བདེ་འཇགས་ལ་ཡིད་གཟབ་གནང་རོགས། དེ་དང་ཆབས་ཅིག འགྲིམ་འགྲུལ་ཉེན་རྟོག་དང་ཤང་སྲིད་གཞུང་གི་འབྲེལ་ཡོད་ལས་དོན་མི་སྣའི་འགྲིམ་འགྲུལ་བཀོད་འདོམས་ལ་ཉན་ནས། འགྲོ་ལམ་སྒྱུར་བཀོད་ལས་གྲྭ་སྔ་ཙམ་ལེགས་གྲུབ་ཡོང་ཆེད་ཨར་པོའི་རིང་གྲོང་མི་ཚོས་ང་ཚོའི་ལས་ཀར་གཞོགས་འདེགས་དང་དགོངས་འཇགས་ཡོད་པ་མཁྱེན།  

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།