[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>ཞབས་ཞུའི་སྐར་ཁུང་།
  • གཟའ་འཁོར་འདིའི་དུས་འགོར་ལྗོངས་ཡོངས་ཀྱི་ས་ཆ་ཕལ་ཆེ་བར་ཆར་པ་འབབ་རྒྱུ་དང་དྲོད་ཚད་འཕར་ཆག་ཆེ་ཙམ་ཡོད་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-09-24

    གཅིག གཟའ་འཁོར་འདིའི་གནམ་གཤིས་སྔོན་བརྡ། (ཟླ་9ཚེས་23ཉིན་ནས་ཟླ་9ཚེས་29ཉིན་བར)

    གཟའ་ཟླ་བ་དང་མིག་དམར་ཉིན། ཉིང་ཁྲི་དང་ལྷོ་ཁའི་ལྷོ་རྒྱུད་དུ་ཆར་པ་ཆུང་བ་ནས་འབྲིང་བའི་བར་འབབ་རྒྱུ་དང་ས་ཆ་ཁག་གཅིག་ལ་ཆར་པ་ཆེན་པོ་འབབ་རྒྱུ། ནག་ཆུ་དང་། གཞིས་རྩེ། ལྷ་ས། ལྷོ་ཁའི་བྱང་རྒྱུད་དང་ཆབ་མདོ་བཅས་ལ་ཆར་པ་ཆུང་བ་འབབ་རྒྱུ་དང་ས་ཆ་ཁག་གཅིག་ལ་ཆར་པ་འབྲིང་བ་འབབ་རྒྱུ། ས་ཁུལ་གཞན་དག་ལ་སྤྲིན་པ་མང་པོ་འཁོར་ནས་ཆར་སིམ་འབབ་རྒྱུ།

    གཟའ་ལྷག་པ་དང་ཕུར་བུ་ཉིན། ཉིང་ཁྲིར་སྤྲིན་པ་མང་པོ་འཁོར་ནས་གནམ་འཐིབ་རྒྱུ་དང་། ས་ཆ་ཁག་གཅིག་ལ་ཆར་སིམ་འབབ་རྒྱུ། ས་ཁུལ་གཞན་དག་ལ་གནམ་དྭངས་ནས་སྤྲིན་པ་མང་པོ་འཁོར་རྒྱུ།

    གཟའ་པ་སངས་ནས་གཟའ་ཉི་མའི་བར། གཞིས་རྩེའི་ལྷོ་རྒྱུད་དུ་ཆར་པ་ཆུང་བ་ནས་འབྲིང་བའི་བར་འབབ་རྒྱུ། མངའ་རིས་དང་། ནག་ཆུ། གཞིས་རྩེའི་བྱང་རྒྱུད་བཅས་ལ་ཆར་པའམ་གངས་ཆུང་བ་འབབ་རྒྱུ་དང་། ས་ཁུལ་གཞན་དག་ལ་སྤྲིན་པ་མང་པོ་འཁོར་རྒྱུ་དང་ས་ཆ་ཁག་གཅིག་ལ་ཆར་སིམ་མམ་གངས་སིམ་སིམ་འབབ་རྒྱུ།

    གཉིས། གྲོས་འགོ།

    1 གཟའ་འཁོར་འདིའི་དུས་འགོར་ཤར་ལྷོའི་རྒྱུད་དུ་ཆར་པ་འབབ་ཚད་མང་བར་བརྟེན་ཐོན་སྲིད་པའི་ཆུ་ལོག་དང་ས་གཤིས་ཀྱི་གནོད་འཚེར་དོགས་ཟོན་བྱེད་དགོས།

    2 གཟའ་འཁོར་འདིའི་ནང་རང་ལྗོངས་ཀྱི་དྲོད་ཚད་འཕར་ཆག་མངོན་གསལ་དོད་པ་དང་། ས་བབ་མཐོ་བའི་ཞིང་ཁུལ་ཁག་གཅིག་ལ་བད་རྒྱག་སླ་བས་དོགས་ཟོན་བྱེད་དགོས།

    3 གནམ་གཤིས་གྲང་དུ་འགྲོ་བ་དང་སྔ་དགོང་གི་དྲོད་ཁྱད་ཆེ་བར་བརྟེན། གྱོན་པ་མཐུག་ཙམ་གྱོན་ནས་ཆམ་རིམས་སོགས་སྔོན་འགོག་བྱེད་དགོས།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།