[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>ཞབས་ཞུའི་སྐར་ཁུང་།
  • ལོ་ཐོའི་ཟླ་བཤད་ཀུན་གསལ་མ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-08-30

    རྒྱ་རྩིས་དགུན་ར་ས་མོ་ཕག་ཟླ་ཆེ་བ། ཚེས་7ཕག་གི་ལྔ་ཆ་བཞི་ནས་སྟོན་ཐོག་མའི་རང་སྒང་ཟིན། ཆར་སྒང་འཆག ཉིན་ཚད་31、10མཚན་ཚད་28、40 རྟེན་འབྲེལ་ལེན་པ། མུ་མཐུད་སྟོན་བསྡུ་ཟིན་པའི་ཚར་མར་ཆུ་སྐྱོན་དང་བཞའ་སྐྱོན། རུལ་སྐྱོན་བཅས་མི་ཡོང་བ་བྱ་དགོས། སྟོད་བྱང་འབྲོག་པའི་ས་ཁུལ་གྱི་ཕྱུགས་ཟོག་རྣམས་སྤང་རི་མཐོ་ས་ནས་དམའ་སར་སྐྱས་སྤོས་ཏེ་ཤ་ཤེད་རྒྱས་ཐབས་དང་ཕ་སྦྱོར་གྱི་ལས་ཀ་ཡག་པོ་བྱ་དགོས། ཚེས་11བྱི་བའི་ལྔ་ཆ་གསུམ་ནས་གྲུབ་རྩིས་སྐར་མ་རྀ་ཤྲཱི་འཆར། ཞག་བདུན་རིང་ཆུ་ཀླུང་ཡན་ལག་བརྒྱད་ལྡན་བདུད་རྩིར་འགྱུར་བས་སྨན་དཔྱད་དང་ཁྲུས་ལ་ཞུགས་པར་བྱ། ཚེས་21སྟག་གི་ལྔ་ཆ་2ནས་ཕྱི་ཟླའི་དབུགས་ཐོབ། སྟོན་ཚད་ཞི། དུས་སད་ལྡང་། ཟིལ་དཀར་འོང་། གྲང་ངར་མངོན་ཙམ་སྐྱེ། བོད་ན་སྟོན་གྱི་སྒང་།རང་ལྗོངས་སུ་མུ་མཐུད་སྟོན་བསྡུའི་ལས་ཀར་དོ་སྣང་བྱས་ཏེ་ཆུ་སྐྱོན་དང་། བཞའ་སྐྱོན་མི་ཡོང་བ་བྱེད་པ། སྟོན་རྨོད་རྒྱག་པ། དགུན་གྲོ་འདེབས་པ་བཅས་བྱ་དགོས། སྤྱི་ལ་ཟླ་འདིར་འབྱུང་བ་མེ་ཆུ་རླུང་གསུམ་གྱི་ཁམས་ཤས་ཆེ་བས་འཐིབས་དྭངས་རེས་མོས་ཀྱིས་རླུང་སྤྲིན་འཁོར་བ་མང་། བྱེ་བྲག་ཚེས་3ནས་ལྷག་པ་མདོར་བསྡུས་སྐར་མར་སྤྱོད་པས་ནམ་འཁོར་ཆེ་ཡང་ཁ་ཆར་འབབ་ཚད་འབྲིང་། ཚེས་ཤར་ནས་སྒྲ་གཅན་གདོང་དང་མཇུག་གཉིས་ཆུ་སྐར་སྟེང་སྤྱོད་པས་ནུབ་བྱང་ཁུལ་ལ་ཁ་ཆར་རླུང་འཚུབ་སོགས་ཀྱི་གནོད་འཚེར་དྭོགས། སྤྱིའི་འབབ་ཚེས་2、3、4、8、9、10、11、12、15、17、20、21、22、24、26、27、30བཅས་ཀྱི་སྐོར་ལ་ཡིན།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།