[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>ཞབས་ཞུའི་སྐར་ཁུང་།
  • ད་ལོའི་ཞོ་སྟོན་གྱི་བྱེད་སྒོ་ཁག་གི་དུས་ཚོད།

  • ཡོང་ཁུངས།   བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར།    |    རྩོམ་པ་པོ།      |    སྤེལ་དུས།   2019-08-29

    ལྷ་ས་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གིས་ཞིབ་འཇུག་དང་ཐག་བཅད་པ་བརྒྱུད། 2019ལོའི་ཟླ་8ཚེས་30ཉིན་ནས་ཟླ་9ཚེས་5ཉིན་བར་ཀྲུང་གོའི་ལྷ་སའི་ཞོ་སྟོན་གཏོང་རྒྱུ་ཡིན་ཞིང་། བྱེད་སྒོ་ཁག་བདེ་བླག་ངང་སྤེལ་བར་འགན་ལེན་བྱ་ཆེད། གཤམ་གྱི་ཐབས་ཇུས་ཁག་ཆེད་དུ་བཀོད་པ་ཡིན།

    བྱེད་སྒོའི་ནང་དོན།

    ལྷ་མོའི་འཁྲབ་སྟོན།

    དུས་ཚོད། ཟླ་8ཚེས་30ནས་ཟླ་9ཚེས་5ཉིན་བར།

    ས་གནས། ནོར་བུ་གླིང་ཁ། རྫོང་རྒྱབ་ཀླུ་ཁང་། ལྗོངས་ལྷ་མོ་ཚོགས་པ། ལྗོངས་མང་ཚོགས་སྒྱུ་རྩལ་ཁང་།

    མི་རིགས་ཀྱི་སྲོལ་རྒྱུན་རྟ་རྩལ་འཁྲབ་སྟོན།

    དུས་ཚོད། ཟླ་9ཚེས1ཉིན་གྱི་སྔ་དྲོའི་ཆུ་ཚོད་10དང་ཕྱེད་ཀ་ནས་ཆུ་ཚོད་12བར།

    ས་གནས། ལྷ་ས་གྲོང་ཁྱེར་གྱི་བྱང་ཕྱོགས་རྟ་རྒྱུག་ཐང་ཆེན། 

    མིག་མངས་འགྲན་བསྡུར།

    དུས་ཚོད། ཟླ་9ཚེས་1ནས་ཚེས་3ཉིན(ཆུ་ཚོད་10པ་ནས་14བར)

    ས་གནས། རྫོང་རྒྱབ་ཀླུ་ཁང་།

    ཞོ་སྟོན་གྱི་འགོ་ཚུགས་མཛད་སྒོ།

    དུས་ཚོད། ཟླ་8ཚེས་30ཉིན་གྱི་ཆུ་ཚོད་20:00

    ས་གནས། གྲོང་ཁྱེར་མང་ཚོགས་རིག་གནས་ལུས་རྩལ་ལྟེ་གནས་ཀྱི་ལག་རྩེད་སྤོ་ལོ་ཁང་།

    ཞོ་སྟོན་གྱི་ཚོང་འགུག་མ་འདྲེན་རྣམ་གྲངས་ངོ་སྤྲོད་ཚོགས་འདུ་དང་རྣམ་གྲངས་གཅིག་བསྡུས་གན་འཇོག་མཛད་སྒོ།

    དུས་ཚོད། ཟླ་8ཚེས་31ཉིན་གྱི་སྔ་དྲོའི་ཆུ་ཚོད་10པ་ནས་ཆུ་ཚོད་12དང་ཕྱེད་ཀ་བར།

    ས་གནས། ཀྲའུ་ཅིས་གསོལ་མགྲོན་ཁང་བོད་ལྗོངས་ཚོམས་ཆེན།

    ལྷ་ས་ནས་གནམ་མཚོ་བར་གྱི་རྐང་ཐང་མར་སྐྱོད་པའི་འགྲན་བསྡུར་སྐབས་བཅུ་གསུམ་པ།

    དུས་ཚོད། ཟླ་8ཚེས་24ནས་ཚེས་29བར།

    ས་གནས། ལྷ་ས་ནས་འདམ་གཞུང་། གནམ་མཚོ། གཉན་ཆེན་ཐང་ལྷ་བར།

    “ཟོལ་མེད་ཀྱི་བརྩེ་སེམས། མི་རིགས་མཐུན་སྒྲིལ་ཆེན་མོའི”རྒྱན་གོས་འགྲེམ་སྟོན།

    དུས་ཚོད། ཟླ་8ཚེས་30ནས་ཟླ་9ཚེས་1ཉིན་བར།

    ས་གནས། ནོར་བུ་གླིང་ཁ།

    ལྷ་སའི་ཞོ་སྟོན་གྱི་ཚོང་འདུས།

    དུས་ཚོད། ཟླ་8ཚེས་30ནས་ཟླ་9ཚེས་5ཉིན་བར།

    ས་གནས། ལྷ་ས་གྲོང་ཁྱེར་མང་ཚོགས་རིག་གནས་ལུས་རྩལ་ལྟེ་གནས་ཐང་ཆེན།

    ཞོ་སྟོན་གྱི་གོས་སྐུ་ཞལ་མཇལ།

    དུས་ཚོད། ཟླ་8ཚེས་30ཉིན་གྱི་སྔ་དྲོའི་ཆུ་ཚོད་8པ།

    ས་གནས། འབྲས་སྤུངས་དགོན་དང་སེ་ར་དགོན།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།