[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>ཞབས་ཞུའི་སྐར་ཁུང་།
  • གཟའ་འཁོར་འདིའི་གནམ་གཤིས།

    གཟའ་ཕུར་བུ་ནས་བཟུང་རང་ལྗོངས་ཀྱི་དབུས་ཤར་རྒྱུད་དུ་ཆར་པ་འབབ་རྒྱུ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-08-27

    གཅིག གཟའ་འཁོར་འདིའི་གནམ་གཤིས་སྔོན་བརྡ། (ཟླ་8ཚེས་26ཉིན་ནས་ཟླ་9ཚེས་1ཉིན་བར)

    གཟའ་ཟླ་བ་ནས་ལྷག་པའི་བར་གཞིས་རྩེ་དང་། ནག་ཆུའི་ནུབ་རྒྱུད། མངའ་རིས། ལྷོ་ཁའི་ལྷོ་རྒྱུད་བཅས་སུ་ཆར་པ་ཆུང་བ་འབབ་རྒྱུ་དང་ས་ཆ་ཁག་གཅིག་ལ་ཆར་པ་འབྲིང་བའམ་ཡང་ན་འབྲུག་ཆར་འབབ་རྒྱུ། ས་ཁུལ་གཞན་དག་ལ་སྤྲིན་པ་མང་པོ་འཁོར་རྒྱུ་དང་ས་ཆ་ཁག་གཅིག་ལ་ཐོལ་ཆར་འབབ་རྒྱུ།

    གཟའ་ཕུར་བུ་དང་པ་སངས་ལ་ནག་ཆུ་དང་། གཞིས་རྩེའི་བྱང་རྒྱུད། ཆབ་མདོ། ལྷོ་ཁ། ཉིང་ཁྲི། ལྷ་ས་བཅས་སུ་ཆར་པ་ཆུང་བ་ནས་འབྲིང་བའི་བར་རམ་ཡང་ན་འབྲུག་ཆར་འབབ་རྒྱུ་དང་ས་ཆ་ཁག་གཅིག་ལ་ཆར་པ་ཆེ་བ་འབབ་རྒྱུ། ས་ཁུལ་གཞན་དག་ལ་སྤྲིན་པ་མང་པོ་འཁོར་རྒྱུ་དང་ས་ཆ་ཁག་གཅིག་ལ་ཐོལ་ཆར་རམ་ཡང་ན་འབྲུག་ཆར་འབབ་རྒྱུ།

    གཟའ་མཇུག་ཏུ་ཉིང་ཁྲི་དང་ལྷོ་ཁའི་ལྷོ་རྒྱུད་དུ་ཆར་པ་ཆུང་བ་འབབ་རྒྱུ་དང་ས་ཆ་ཁག་གཅིག་ལ་ཆར་པ་འབྲིང་བའམ་ཡང་ན་འབྲུག་ཆར་འབབ་རྒྱུ། ས་ཁུལ་གཞན་དག་ལ་སྤྲིན་པ་མང་པོ་འཁོར་རྒྱུ་དང་ས་ཆ་ཁག་གཅིག་ལ་ཐོལ་ཆར་རམ་ཡང་ན་འབྲུག་ཆར་འབབ་རྒྱུ།

    གཉིས། གྲོས་འགོ

    1.དབུས་ཤར་རྒྱུད་དང་ལྷོ་རྒྱུད་དུ་ཤྭ་འོད་དང་རི་ཉིལ་བ་སོགས་ས་གཤིས་ཀྱི་གནོད་འཚེ་མ་ཐོན་སྔོན་འགོག་བྱེད་དགོས།

    2.ཡར་ཀླུང་གཙང་པོའི་རྒྱུད་ཀྱི་ཞིང་ཁུལ་གཙོ་བོར་གོ་སྐབས་དམ་འཛིན་གྱིས་ལོ་ཏོག་བརྔ་བསྡུ་དང་གཡུལ་ལས་གཏོང་དགོས།

    3.ས་སྲོས་སུ་ས་ཆ་ཁག་གཅིག་ལ་དུས་ཐུང་གི་དྲག་ཆར་དང་། གློག་དམར་འཁྱུག་པ། སེར་བ་སོགས་གཏད་རྒྱུག་རང་བཞིན་གྱི་གནམ་གཤིས་བསྟན་སླ་བས་སྔོན་འགོག་ལ་དོ་སྣང་བྱེད་དགོས།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།