[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>ཞབས་ཞུའི་སྐར་ཁུང་།
  • ལོ་ཐོའི་ཟླ་བཤད་ཀུན་གསལ་མ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-08-02

    རྒྱ་རྩིས་སྟོན་ཐ་ས་ཕོ་ཁྱི་ཟླ་ཆུང་བ། ཚེས་བཅོ་ལྔ་ལ་ལྷུམས་སུ་ཞུགས་པའི་དུས་ཆེན། ཚེས་6ལ་བྱ་རྒྱལ་མོན་དུ་ལོག བོད་ན་དགུན་གྲོ་སྨིན་པའི་དུས་འགོ་ཚུགས། ཚེས་6རྟའི་ལྔ་ཆ་གསུམ་ནས་དབྱར་ཐ་མའི་རང་སྒང་ཟིན། ཆར་ཆེན་འབེབས། ཆུ་བོ་གཞུང་རྒྱས། ཉིན་ཚད་32、30 མཚན་ཚད་27、40 རྟེན་འབྲེལ་སྲེད་པ། མུ་མཐུད་ནས་ཆུ་ལོག་སྔོན་འགོག་དང་སད་སེར་འགོག་པའི་བྱ་ཐབས་ལ་འབད་དགོས། དབུས་གཙང་སོགས་ཞིང་གྲོང་མང་ཆེ་བར་འོང་སྐོར་དབྱར་སྐྱིད་གཏོང་དུས་ཟིན། ཚེས་17བྱའི་ལྔ་ཆ་བཞི་ནས་ཚེས་18ཁྱིའི་ལྔ་ཆ་གཉིས་བར་ཉི་མ་ནག ཚེས་21བྱའི་ལྔ་ཆ་གཅིག་ནས་ཕྱི་ཟླའི་དབུགས་ཐོབ། སྟོན་ཟུག བྱ་སྐད་འཆག ཚད་པ་ཅུང་ཟད་ཁ་འབྲི། དགུན་གྲོ་སྨིན་རིམ་བཞིན་བརྔ་བསྡུ་བྱ་དགོས། ཚེས་28ཁྱིའི་ལྔ་ཆ་གཉིས་ནས་འགྲོ་བའི་སྒྲོན་མེ་གདོང་ལྔའི་ཁབ་ཏུ་སོན། ཟླ་བདག་འཇམ། མུ་མཐུད་ནས་དགུན་གྲོ་བརྔ་བསྡུ་བྱེད་པ་དང་། གཡུལ་ལས་གཏོང་བ། སྟོན་རྨོད་རྒྱག་པ། དགུན་གྲོ་འདེབས་པ་བཅས་དུས་ཐོག་ཏུ་བྱ་དགོས། སྤྱི་ལ་ཟླ་འདིར་འབྱུང་བ་མེ་ཆུའི་ཁམས་ཤས་ཆེ་བས་ཆར་ཆུ་བཟང་བ་དང་། སྐབས་རེར་ཆར་ལ་རླུང་གིས་འཚེ་བས་ཆར་དུམ་བུར་འགྱུར། ཚེས་4ནས་ལྷག་པ་མདོར་བསྡུས་སྐར་མར་སྤྱོད་པས་ནམ་འཁོར་ཆེ་ཡང་ལོ་དང་ཆར་ཆུ་འབྲིང་། སད་ཀྱི་ལོ་དགྲ་མང་། བྱེ་བྲག་ཚེས་11ནས་ཕུར་བུ་སྐར་ཁྱིམ་གཅིག་ནས་ཕྱིར་ལོག་པས་རླུང་སྤྲིན་གཡོ་བ་དང་དྲག་ཆར་དང་ཆར་རླུང་འཚུབ་པར་འགྱུར་བ་མང་། སྤྱིའི་འབབ་ཚེས་1、4、6、8、 10、11、12、13、15、17、20、21、25、27、28、30བཅས་ཀྱི་སྐོར་ལ་ཡིན།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།