[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>ཞབས་ཞུའི་སྐར་ཁུང་།
  • ཉེ་ཆར་སྐད་འཕྲིན་གྲོགས་ཚོམས་སུ་སྐུར་བཞིན་པའི་ཆ་འཕྲིན་འདི་བདེན་ནམ།

  • ཡོང་ཁུངས།   བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར།    |    རྩོམ་པ་པོ།      |    སྤེལ་དུས།   2019-05-07

    དེ་རིང་ཁ་ས་སྐད་འཕྲིན་གྲོགས་ཚོམས་སུ་གཤམ་གྱི་ཆ་འཕྲིན་འདི་མི་མང་པོས་སྐུར་བཞིན་ཡོད། ཡང་སྙིང་ཆ་འཕྲིན་འདི་ངོ་མ་ཡིན་ནམ་ཞེ་ན། 

    微信图片_20190507165729.jpg

    ཁ་ས་གསར་འགོད་པས་བོད་རང་སྐྱོང་ལྗོངས་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་དང་སི་ཁྲོན་ཁྲེང་ཏུའུ་ཧྭ་ཤིས་སྨན་ཁང་བོད་ཁུལ་སྨན་བཅོས་པུའི་ཀྲུའུ་རེན་ཕུན་ཚོགས་དང་འབྲེལ་གཏུགས་བྱས་པས།   སྐད་འཕྲིན་ནང་བརྒྱུད་བསྐུར་བྱེད་པའི་ཆ་འཕྲིན་དེ་དག་ཡོངས་སུ་ཡང་དག་མིན་པ་ཤེས་རྟོགས་བྱུང་བ་གཤམ་གསལ་སྟེ། 

    1.ཧྭ་ཤིས་སྨན་ཁང་གི་སྒོ་བསྟེན་སྨན་བཅོས་ཀྱི་ཐོག་སོ་དང་པོའི་ཞབས་ཞུའི་སྐར་ཁུང་ཨང་7པ་ནས་ཞིང་ཆེན་གཞན་གྱི་ནད་པ་དང་སྨན་ཁང་གཞན་ནས་སྨན་བཅོས་བྱེད་པར་ཡོང་བའི་ནད་པར་ཨང་ཀི་བཀག་པ་ལས། བོད་རིགས་སྤུན་ཟླ་གཅིག་པུར་མིན་པ་རེད། ནད་པས་ཐོབ་ཐང་ལག་ཁྱེར་དང་གཟའ་འཁོར་གཅིག་ནང་ཚུད་ཀྱི་གནམ་གྲུའི་སྤ་སེའམ་ཡང་ན་འགྲིམ་འགྲུལ་གཞན་གྱི་སྤ་སེ་ཁྱེར་ཏེ་ཧྭ་ཤིས་སྨན་ཁང་གི་སྒོ་བསྟེན་སྨན་བཅོས་ཀྱི་ཐོག་སོ་དང་པོའི་ཞབས་ཞུའི་སྐར་ཁུང་ཨང་7པར་ཨང་ཀི་མངག་ཆོག

    2.ཞབས་ཞུའི་སྐར་ཁུང་ཨང་7པའི་ཨང་ཀི་ནི་དྲ་ཐོག་ནས་ཨང་ཀི་བཀག་རྗེས་གཏན་འབེབས་ཀྱི་དུས་ཚོད་ནང་སྨན་ཁང་དུ་སྨན་བཅོས་བྱེད་པར་ཡོང་མི་ཐུབ་པའི་ཨང་ཀི་ཡིན་པར་བརྟེན། ཨང་ཀི་དེ་ཙམ་གྱི་མང་པོ་མེད་པ་རེད། (ཤ་ཚའི་དྲན་སྐུལ་ཞུ་རྒྱུར། “华西通”ཞེས་པའི་APPནས་ཕབ་ལེན་བྱས་ཏེ་དྲ་ཐོག་ནས་ཉིན་14ཡི་སྔོན་ནས་ཨང་ཀི་མངག་ཆོག)

    3.སྨན་པ་བསྟེན་པའི་ནང་བོད་རིགས་སྤུན་ཟླར་དཀའ་ངལ་འཕྲད་ཚེ་ཐོག་སོ་གཉིས་པའི་བོད་ཁུལ་གྱི་ནད་པ་སྣེ་ལེན་བྱེད་སར་རོགས་རམ་རེ་ཞུ་བྱེད་ཆོག ལས་དོན་མི་སྣས་སྨན་བཅོས་ཀྱི་བརྒྱུད་རིམ་ཚང་མར་ཞབས་འདེགས་ཞུ་ཡི་ཡོད། 

    4.སྐད་འཕྲིན་ནང་བརྒྱུད་བསྐུར་བྱེད་པའི་ཆ་འཕྲིན་དེ་བོད་རིགས་སྤུན་ཟླ་གཅིག་པུར་དམིགས་པ་མ་ཡིན་པར། ཐོབ་ཐང་ལག་ཁྱེར་སི་ཁྲོན་ཞིང་ཆེན་མིན་པ་ཕུད་ཀྱི་ཚང་མ་ཚུད་ཡོད། 

    5.མིག་སྔར་ཧྭ་ཤིས་སྨན་ཁང་དུ་བོད་རིགས་ཀྱི་སློབ་ཆེན་སློབ་མའི་དང་བླངས་པས་སྨན་བཅོས་སུ་ཡོང་བའི་མང་ཚོགས་ལ་སྐད་སྒྱུར་སོགས་ཀྱི་དང་བླངས་ཞབས་འདེགས་ཞུ་ཡི་ཡོད། འོན་ཀྱང་དུས་ཚོད་དང་ས་ཆ་གཏན་འཁེལ་བྱས་མེད། 

    33.jpg

    བོད་རང་སྐྱོང་ལྗོངས་ཀྱི་སྨན་བཅོས་འགན་བཅོལ་གཱ་ཁྱེར་ནས་ཁྲེང་ཏུར་སྨན་བཅོས་སུ་ཡོང་མཁན་ཚོས་ད་དུང་ཤེས་དགོས་པའི་ཐད། 

    1.མིག་སྔར་ཁྲེང་ཏུའུ་ཧྭ་ཤིས་སྨན་ཁང་བོད་ལྗོངས་ཁྲེང་ཏུའུ་དོན་གཅོད་ཁྲུའུ་ཡན་ལག་སྨན་ཁང་དུ་མ་གཏོགས་བོད་རང་སྐྱོང་ལྗོངས་ཀྱི་སྨན་བཅོས་འགན་བཅོལ་གཱ་སྤྱོད་ཆོག་གི་མེད་པ་རེད། 

    2.བོད་ལྗོངས་ཁྲེང་ཏུའུ་དོན་གཅོད་ཁྲུའུ་ཡན་ལག་སྨན་ཁང་དུ་ཞིང་ཆེན་གཞན་དག་གི་ནད་པར་དམིགས་བསལ་གྱི་ཨང་ཀི་བཀག་སའི་སྐར་ཁུང་མེད།

    3.བོད་ལྗོངས་ཁྲེང་ཏུའུ་དོན་གཅོད་ཁྲུའུ་ཡན་ལག་སྨན་ཁང་གིས་དམག་མི་དང་ལོ་80ཡན་གྱི་ནད་པར་དམིགས་བསལ་གྱི་སྐར་ཁུང་བཟོས་ཡོད།

    4.བོད་ལྗོངས་ཁྲེང་ཏུའུ་དོན་གཅོད་ཁྲུའུ་ཡན་ལག་སྨན་ཁང་ནས་སྨན་བཅོས་སྣེ་ཤན་གྱི་ཞབས་འདེགས་ཞུ་བཞིན་ཡོད། (རིན་པ་མི་དགོས)

    5.བོད་ཀྱི་ནད་པ་བོད་ལྗོངས་ཁྲེང་ཏུའུ་དོན་གཅོད་ཁྲུའུ་ཡན་ལག་སྨན་ཁང་དུ་སྨན་བཅོས་བྱེད་པར་ཡོང་ན། སྨན་ཁང་གི་གཞུང་ཕྱོགས་དཔོད་ཆུང་དང་། གཞུང་ཕྱོགས་དྲ་བ། ཁ་པར། “华西通”བཅས་ལས་ཨང་ཀི་མངག་ཆོག་ཁར་ཞག་སྡོད་སྨན་བཅོས་དང་། གཟུགས་པོ་བརྟག་དཔྱད། སྨན་རྫས་ཚབ་འཚོང(ལྗོངས་ནང་ཁུལ་དུ་མེད་པའི་སྨན་རྫས་ཁག་གཅིག)བཅས་མངག་ཀྱང་ཆོག

    微信图片_20190507170102.jpg

    ཧྭ་ཤིས་སྨན་ཁང་བོད་ལྗོངས་ཁྲེང་ཏུའུ་དོན་གཅོད་ཁྲུའུ་ཡན་ལག་སྨན་ཁང་གི་སྐད་འཕྲིན་སྤྱི་སྟེགས་ཀྱི་རྩ་གཉིས་ཨང་རྟགས།

    6.བོད་ལྗོངས་ཁྲེང་ཏུའུ་དོན་གཅོད་ཁྲུའུ་ཡན་ལག་སྨན་ཁང་གིས་2017ལོ་ནས་བཟུང་། ཁྲེང་ཏུའུ་རུ་གཞིས་ཆགས་པའི་བོད་ཀྱི་རྒན་ཡོལ་ཞུས་པའི་ལས་བཟོར་དམིགས་ནས་སྡེ་ཁུལ་གྱི་སྒོ་བསྟེན་སྨན་བཅོས་བྱ་ཡུལ་བཅུ་ལྷག་བཙུགས་ཤིང་། དེ་གར་གང་ལྕོགས་སྨན་བཅོས་དང་སྨན་ཤོག་འབྲི་བ་སོགས་བྱེད་ཀྱི་ཡོད། གཞན་ཡང་སྒོ་རྩར་ཡོང་ནས་སྨན་ཆུ་བླུག་པ་དང་། རྨ་རས་བརྗེ་བ། ཁྲག་བཙག་པ། ཚོན་ཁྲ་ཅན་གྱི་Bསྒྲ་རླབས་སོགས་ཀྱི་སྨན་བཅོས་ཞབས་འདེགས་ཀྱང་ཞུ་ཡི་ཡོད།

    7.བོད་ལྗོངས་ཁྲེང་ཏུའུ་དོན་གཅོད་ཁྲུའུ་ཡན་ལག་སྨན་ཁང་གིས་ཁྲེང་ཏུའུ་དང་ཉེ་འཁོར་ས་ཆར་བཙུགས་པའི་གཟའ་འཁོར་རེར་ཐེངས་རེའི་སྡེ་ཁུལ་སྒོ་བསྟེན་སྨན་བཅོས་བྱེད་ས། (1)གཡག་རྔ་ཐེན་ཆོན་རྫོང་བདེ་སྡོད་བྱང་ལམ་གྱི་སྒོ་རྟགས་ཨང་289ཡི་ཁྲང་ཡུན་མེ་ཏོག་ལྡུམ་ར།(2)ཧྭ་དབྱང་ས་གཤིས་སྐྱེད་ཚལ་ཏེ། ཧྭ་དབྱང་ཧྭ་ཤིན་ཁྲོམ་འོག་མའི་བོད་ལྗོངས་ས་གཤིས་སྐྱེད་ཚལ་སྡེ་ལས་གཞུང་ལས་ཁང་། (3)ཧྲོང་ལིའུ་དཔུང་སྡེའི་ལས་བྱེད་པའི་ལུས་གསོ་ཁང་སྟེ། ཧྲོང་ལིའུ་སན་ཆང་ལྷོ་ལམ་བོད་ལྗོངས་དཔུང་སྡེའི་ལས་བྱེད་པའི་ལུས་གསོ་ཁང་གི་སྒོ་རྟགས་ཨང་174པ།(4)ཏེ་དབྱང་ཀྲུང་ཐེན་གྲོང་གསར་ཏེ། ཏེ་དབྱང་ཤིས་ཧུའུ་ཁྲོམ་གཞུང་ཨང་269ཡི་ཀྲུང་ཐེན་གྲོང་གསར་སྡེ་ལས་དོ་དམ་གཞུང་ལས་ཁང་གི་སུམ་ཐོག(5)སན་ཧྲེང་ཤང་གི་བཀྲ་ཤིས་ལྡུམ་ར་སྟེ། ཅིན་ཅང་ཆུས་ཀྲི་ཙི་ཁྲོམ་གཞུང་གི་སྒོ་རྟགས་ཨང་1138ཀྱི་སྡེ་ལས་དོ་དམ་གཞུང་ལས་ཁང་།(6)ཚུའོ་ཆའོ་སྟེ། ཚུའོ་ཅིན་བྱང་ལམ་གྱི་སྒོ་རྟགས་ཨང་41གི་ཁྲེང་ཏུའུ་རུ་བཅའ་སྡོད་ཆབ་མདོའི་ལས་བྱེད་པ་རྒན་གྲས་ཞབས་ཞུ་ས་ཚིགས(འཛུགས་སྐྲུན་དངུལ་ཁང་གི་ཉིས་ཐོག)(7)ཏུའུ་ཅང་ཡན་ཐེན་ཧའེ་མེ་ཏོག་ལྡུམ་ར་སྟེ། ཏུའུ་ཅང་ཡན་གྲོང་ཁྱེར་ཝའེ་པེ་ཅེ་ཁྲོམ་གཞུང་གི་སྒོ་རྟགས་ཨང་549ཡི་བྱེད་སྒོ་ལྟེ་གནས་ཀྱི་ཉིས་ཐོག(8)ཕི་རྫོང་སྟེ། ཕི་ཏུའུ་ཆུས་ནུབ་ཁུལ་ཁྲོམ་གཞུང་གི་སྒོ་རྟགས་ཨང་9ཡི་བོད་ལྗོངས་འཕྲོད་བསྟེན་ཐིང་ཞིབ་འཇུག་སུའོ་ཡི་སྡོད་ཁང(སྒོ་སྲུང་ཁང་གི་ཉིས་ཐོག)(9)བོད་ལྗོངས་མེ་ཏོག་ལྡུམ་ར་སྟེ། ཁྲེང་ཏུའུ་གྲོང་ཁྱེར་ཝུའུ་ཧོའུ་ཆུས་ལུང་ཞང་ལམ་གྱི་སྒོ་རྟགས་ཨང་2པའི་སྡེ་ལས་གཞུང་ལས་ཁང་།(10)ཉི་འོད་དཔྱིད་ཀ་སྟེ། ཝུའུ་ཧོའུ་ཆུས་ཀའོ་ཕན་ལམ་གྱི་སྒོ་རྟགས་ཨང་16གི་བྱེད་སྒོ་ལྟེ་གནས(སྡེ་ལས་དོ་དམ་གཞུང་ལས་ཁང་གི་འཁྲིས)(11)ཐེན་དབྱི་ཧུང་ཡུས་མེ་ཏོག་ལྡུམ་རའི་ཡུས་ཡོན་ཁུལ་ཆུང་སྟེ། ཕི་ཏུའུ་ཆུས(སློབ་གླིང་ལྷོ་ལམ་གྱི་སྒོ་རྟགས་ཨང་9པ)ཀྱི་ཁང་སྟར་7པའི་ཁང་ཚན་1པོའི་བྱེད་སྒོ་ཁང་།(12)ཝུན་ཅང་ས་གཤིས་མེ་ཏོག་ལྡུམ་ར།

    111.jpg

    ཧྭ་ཤིས་སྨན་ཁང་གི་གནས་ཡུལ་དང་ལམ་ཐིག 

    444.jpg

    ཧྭ་ཤིས་སྨན་ཁང་བོད་ལྗོངས་ཁྲེང་ཏུའུ་དོན་གཅོད་ཁྲུའུ་ཡན་ལག་སྨན་ཁང་གི་གནས་ཡུལ་དང་། ལམ་ཐིག འབྲེལ་གཏུགས་བྱེད་སྟངས། 

    555.jpg

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།