[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>ཞབས་ཞུའི་སྐར་ཁུང་།
  • བོད་ལྗོངས་ཀྱི་ཤར་ལྷོའི་རྒྱུད་དུ་རི་ཉིལ་བ་དང་འདམ་རྡོའི་ཆུ་རུད་སོགས་ཀྱི་ས་གཤིས་གནོད་འཚེ་ཐོན་སྲིད་པས་དོ་ཁུར་བྱེད་དགོས།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-05-07

    གཅིག གཟའ་འཁོར་འདིའི་གནམ་གཤིས་སྔོན་བརྡ། (ཟླ་5ཚེས་6ནས་12ཉིན་བར)

    གཟའ་ཟླ་བ་དང་མིག་དམར་ལ་ཉིང་ཁྲི་དང་། ཆབ་མདོ། ནག་ཆུའི་དབུས་ཤར་རྒྱུད་བཅས་སུ་སྤྲིན་པ་མང་པོ་འཁོར་ནས་གནམ་འཐིབ་རྒྱུ་དང་ས་ཆ་ཁག་གཅིག་ལ་གངས་མ་ཆར་ཆུང་བ་འབབ་རྒྱུ། ས་ཁུལ་གཞན་དག་ལ་གནམ་དྭངས་བ་ནས་སྤྲིན་པ་མང་པོ་འཁོར་རྒྱུ།

    གཟའ་པ་སངས་ནས་ཉི་མའི་བར་ནག་ཆུ་དང་། ཉིང་ཁྲི། ཆབ་མདོ་བཅས་སུ་གངས་མ་ཆར་ཆུང་བ་འབབ་རྒྱུ་དང་ས་ཆ་ཁག་གཅིག་ལ་གངས་མ་ཆར་འབྲིང་བ་འབབ་རྒྱུ། ཡར་ཀླུང་གཙང་པོའི་རྒྱུད་དུ་སྤྲིན་པ་མང་པོ་འཁོར་ནས་གནམ་འཐིབ་རྒྱུ་དང་སྐབས་འགར་ཆར་པ་ཆུང་བ་འབབ་རྒྱུ། ས་ཁུལ་གཞན་དག་ལ་གནམ་དྭངས་བ་ནས་སྤྲིན་པ་མང་པོ་འཁོར་རྒྱུ།

    གཉིས། གྲོས་འགོ

    1.རང་ལྗོངས་ཀྱི་ཤར་ལྷོའི་རྒྱུད་དུ་ཆར་དུས་སླེབས་པས་ཆར་པ་བབས་ནས་རི་ཉིལ་བ་དང་འདམ་རྡོའི་ཆུ་རུད་སོགས་ས་གཤིས་ཀྱི་གནོད་འཚེ་ཐོན་རྒྱུར་དོ་སྣང་ཆེན་པོ་བྱེད་དགོས།

    2.ཉིན་དགུང་ནས་ས་སྲོད་བར་དུས་ཐུང་གི་ལྷགས་པ་ཆེན་པོ་དང་འབྲུག་ཆར་སོགས་གཏད་རྒྱུག་རང་བཞིན་གྱི་གནམ་གཤིས་བསྟན་རྒྱུ་ཡིན་པས་འགོག་ཟོན་བྱ་རྒྱུར་དོ་སྣང་བྱེད་དགོས།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།