[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>ཞབས་ཞུའི་སྐར་ཁུང་།
  • གཟའ་འཁོར་འདིའི་གནམ་གཤིས།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-04-16

    གཟའ་ཟླ་བ་དང་མིག་དམར་ལ། ཉིང་ཁྲིར་སྤྲིན་པ་མང་པོ་འཁོར་ནས་གནམ་འཐིབ་རྒྱུ་དང་ས་ཆ་ཁག་གཅིག་ལ་ཆར་པ་ཆུང་བ་འབབ་རྒྱུ། ས་ཁུལ་གཞན་དག་ལ་སྤྲིན་པ་མང་པོ་འཁོར་རྒྱུ། གཟའ་ལྷག་པ་དང་ཕུར་བུར་མངའ་རིས་དང་གཞིས་རྩེའི་ལྷོ་རྒྱུད་དུ་ཆར་པ(གངས)ཆུང་བ་ནས་འབྲིང་བའི་བར་འབབ་རྒྱུ་དང་ས་ཆ་ཁག་གཅིག་ལ་ཆར་པ(གངས)ཆེ་བ་འབབ་རྒྱུ། ནག་ཆུའི་ནུབ་རྒྱུད་དང་གཞིས་རྩེའི་བྱང་རྒྱུད་དུ་གནམ་འཐིབ་ནས་ཆར་པ(གངས)ཆུང་བ་འབབ་རྒྱུ། ས་ཁུལ་གཞན་དག་ལ་སྤྲིན་པ་མང་པོ་འཁོར་རྒྱུ།

    གཟའ་པ་སངས་ནས་ཉི་མའི་བར་ནག་ཆུ་དང་། གཞིས་རྩེ། ལྷོ་ཁའི་ལྷོ་རྒྱུད། ཉིང་ཁྲི་བཅས་སུ་ཆར་པ(གངས)ཆུང་བ་ནས་འབྲིང་བའི་བར་འབབ་རྒྱུ་དང་། ལྷ་ས་དང་། ཆབ་མདོ། ལྷོ་ཁའི་བྱང་རྒྱུད་བཅས་སུ་ཆར་པ་ཆུང་བ་འབབ་རྒྱུ། ས་ཁུལ་གཞན་དག་ལ་སྤྲིན་པ་མང་པོ་འཁོར་རྒྱུ།

    གཟའ་འཁོར་འདིའི་ནང་བོད་བྱང་ཐང་དང་ཧི་མ་ལ་ཡའི་རི་རྒྱུད་ཀྱི་ས་བབ་མཐོ་བའི་ས་ཆར་ལྷགས་པ་ཆེན་པོ་རིམ་པ་6ཙམ་རྒྱག་རྒྱུ་དང་ཡར་ཀླུང་གཙང་པོའི་ལུང་གཞུང་རྒྱུད་དུ་ལྷགས་པ་རིམ་པ་4ཙམ་རྒྱག་རྒྱུ།

    --    --

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།