[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>ཞབས་ཞུའི་སྐར་ཁུང་།
  • གཟའ་འཁོར་འདིའི་ནང་རང་ལྗོངས་ཀྱི་ཤར་ལྷོའི་རྒྱུད་དུ་ཆར་པ་ཡང་ཡང་འབབ་རྒྱུ་ཡིན་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-04-02

    གཅིག གཟའ་འཁོར་འདིའི་གནམ་གཤིས་སྔོན་བརྡ། (ཟླ་4ཚེས་1ཉིན་ནས་ཚེས་7ཉིན་བར)

    གཟའ་ཟླ་བ་ནས་ལྷག་པའི་བར། ཉིང་ཁྲི་དང་། ནག་ཆུའི་དབུས་ཤར་རྒྱུད། ལྷོ་ཁའི་ལྷོ་རྒྱུད་བཅས་སུ་ཆར་པ(གངས)ཆུང་བ་ནས་འབྲིང་བའི་བར་འབབ་རྒྱུ་དང་། ཡར་ཀླུང་གཙང་པོའི་རྒྱུད་དང་ཆབ་མདོར་ཆར་པ(གངས)ཆུང་བ་འབབ་རྒྱུ་དང་ས་ཁུལ་གཞན་དག་ལ་སྤྲིན་པ་མང་པོ་འཁོར་རྒྱུ།

    གཟའ་མཇུག་ཉིན་གཉིས་ནང་། ཉིང་ཁྲི་དང་། ལྷོ་ཁ། ནག་ཆུའི་དབུས་ཤར་རྒྱུད་བཅས་སུ་ཆར་པ(གངས)ཆུང་བ་འབབ་རྒྱུ་དང་ས་ཆ་ཁག་གཅིག་ལ་ཆར་པ(གངས)འབྲིང་བ་འབབ་རྒྱུ། ལྷ་ས་དང་། ཆབ་མདོ། གཞིས་རྩེ་བཅས་སུ་གནམ་འཐིབ་ནས་ཆར་པ(གངས)ཆུང་བ་འབབ་རྒྱུ། ས་ཁུལ་གཞན་དག་ལ་སྤྲིན་པ་མང་པོ་འཁོར་རྒྱུ།

    གཟའ་འཁོར་འདིའི་ནང་བོད་བྱང་ཐང་དང་ཧི་མ་ལ་ཡའི་རི་རྒྱུད་ཀྱི་ས་བབ་མཐོ་བའི་ས་ཆར་ལྷགས་པ་ཆེན་པོ་རིམ་པ་7ཙམ་རྒྱག་རྒྱུ་དང་ཡར་ཀླུང་གཙང་པོའི་ལུང་གཞུང་རྒྱུད་དུ་ལྷགས་པ་རིམ་པ་4ཙམ་རྒྱག་རྒྱུ།

    གཉིས། གྲོས་འགོ

    རང་ལྗོངས་ཀྱི་ལྷོ་རྒྱུད་དང་བོད་བྱང་ཐང་རྒྱུད་དུ་སྔར་བཞིན་གངས་གསོག་ཐེབས་མང་བ་དང་། གངས་བབས་པ་ལས་རྒྱལ་ལམ་དང་ཞིང་ཆེན་ལམ་བུ་109དང་། 318 317 219སོགས་ཀྱི་འགྲིམ་འགྲུལ་སྐྱེལ་འདྲེན་ཐད་ཤུགས་རྐྱེན་ངན་པ་ཐེབས་རྒྱུ་དང་། གཟའ་འཁོར་འདིའི་གཟའ་མཇུག་ཏུ་གནམ་གཤིས་རིམ་བཞིན་དྲོ་རུ་འགྲོ་རྒྱུ་ཡིན་པས་གངས་རུད་དང་གངས་བཞུ་བའི་ས་གཤིས་ཀྱི་གནོད་འཚེར་འགོག་ཟོན་བྱེད་དགོས་པ། ཆར་པ་འབབ་པ་ལས་ས་ཞིང་དང་མཁའ་རླུང་གི་སྤུས་ཚད་ལེགས་སུ་འགྲོ་རྒྱུར་ཕན་ཐོགས་ཡོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།