[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>ཞབས་ཞུའི་སྐར་ཁུང་།
  • 【འགྲིམ་འགྲུལ་བཀག་སྡོམ】དེ་རིང་ནས་ལྷ་གོང་མྱུར་བགྲོད་གཞུང་ལམ་དུ……

  • ཡོང་ཁུངས།   བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར།    |    རྩོམ་པ་པོ།      |    སྤེལ་དུས།   2019-04-01

    ལྷ་གོང་གནམ་ཐང་གི་མྱུར་བགྲོད་གཞུང་ལམ་K25+670-K33+034དང་K1+625-K4+100དུམ་བུའི་གནམ་ཐང་ནས་ལྷ་སར་སྐྱོད་སར་འགྲིམ་འགྲུལ་བཀག་སྡོམ་བྱ་རྒྱུའི་སྐོར་གྱི་སྤྱི་བསྒྲགས།

    གཞུང་ལམ་གྱི་ལམ་ངོས་ཕྱོགས་ཡོངས་ནས་ལེགས་སུ་གཏོང་བ་དང་གཞུང་ལམ་སྐྱོང་བའི་ལག་རྩལ་ཆུ་ཚད་མཐོ་རུ་ནུས་ལྡན་བཏང་ནས། ལྷ་གོང་གནམ་ཐང་གི་མྱུར་བགྲོད་གཞུང་ལམ་བདེ་འཇགས་ཤར་གཏོང་བྱ་ཆེད། ལྗོངས་རིམ་མཐོའི་གཞུང་ལམ་དོ་དམ་ཅུས་ཀྱི་བཀོད་སྒྲིག་གཞིར་བཟུང་། ལྷ་གོང་གནམ་ཐང་གི་མྱུར་བགྲོད་གཞུང་ལམ་K25+670-K33+034དང་K1+625-K4+100དུམ་བུའི་གནམ་ཐང་ནས་ལྷ་སར་སྐྱོད་སར་སྔོན་འགོག་རང་བཞིན་གྱི་བདག་སྐྱོང་བྱེད་མཁན་ཡིན་ཞིང་། བདག་སྐྱོང་བྱེད་རིང་། ལམ་གཞོགས་གཅིག་བཀག་སྟེ་གཞོགས་གཞན་པ་དེ་ནས་ཕྱོགས་གཉིས་ཀར་འགྲོ་འོང་བྱེད་ཆོག་པ་བཟོས་ཡོད་པས། འགྲོ་འོང་བྱེད་མཁན་རླངས་འཁོར་གྱིས་འགྲིམ་འགྲུལ་གསལ་བརྡ་གཞིར་བཟུང་རླངས་འཁོར་གཏོང་དགོས་པ་དང་འགྲིམ་འགྲུལ་བཀག་སྡོམ་པའི་དོ་དམ་དང་བཀོད་འདོམས་ལ་བརྩི་སྲུང་ཞུས་ཏེ་སྒྲིག་འགལ་ངང་རླངས་འཁོར་གཏན་ནས་གཏོང་མི་ཆོག གཞུང་ལམ་བདག་སྐྱོང་བྱེད་དགོས་པའི་དབང་གིས་འགྲོ་འོང་བྱེད་མཁན་ཚོར་འགོག་རྐྱེན་བཟོ་སྲིད་པས་རྒྱ་ཆེའི་ཁ་ལོ་བ་ཚོས་བསམ་ཤེས་གནང་རོགས། གལ་སྲིད་འགྲོ་སྐྱོད་བྱེད་སྐབས་ཉེན་ཁའམ་ཡང་ན་ཛ་དྲག་གནས་ཚུལ་ཐོན་ཚེ་འཕྲལ་མར་110ལ་ཁ་པར་རྒྱག་པའམ་ཡང་ན་ས་གནས་ས་ཐོག་གི་ལས་དོན་མི་སྣར་རོགས་སྐྱོར་གནང་རོགས་ཞུ་དགོས། 

    འགྲིམ་འགྲུལ་བཀག་སྡོམ་བྱེད་པའི་དུས་ཚོད། 2019ལོའི་ཟླ་4ཚེས་1ཉིན་ནས་2019ལོའི་ཟླ་4ཚེས་30ཉིན་བར། 

    རང་སྐྱོང་ལྗོངས་རིམ་མཐོའི་གཞུང་ལམ་དོ་དམ་ཅུས། 

    ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་ཉིང་ལག་རུ་ཁག

    ལྷ་གོང་གནམ་ཐང་མྱུར་བགྲོད་གཞུང་ལམ་བདག་སྐྱོང་ལྟེ་གནས། 

    2019ལོའི་ཟླ་3ཚེས་31ཉིན། 

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།