[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>ཞབས་ཞུའི་སྐར་ཁུང་།
  • འགྲིམ་འགྲུལ་ལས་འཛོལ་ཐོན་སྐབས་ཐག་ཇི་ལྟར་གཅོད་དགོས།

  • ཡོང་ཁུངས།   བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར།    |    རྩོམ་པ་པོ།      |    སྤེལ་དུས།   2019-03-27

    འགྲིམ་འགྲུལ་ལས་འཛོལ་ཐོན་སྐབས་ཁ་ལོ་བས་ལམ་སེང་མོ་ཊ་ཁ་བཀག་ནས་དོན་རྐྱེན་བྱུང་ས་ཡག་པོ་སྲུང་དགོས་པ་མ་ཟད། གལ་ཏེ་མི་ཤི་རྨས་བྱུང་ཚེ་འཕྲལ་དུ་མྱུར་སྐྱོབ་བྱེད་དགོས་ལ། འགྲིམ་འགྲུལ་ཉེན་རྟོག་པའམ་ཡང་ན་འགྲིམ་འགྲུལ་དོ་དམ་སྤྱི་བདེ་ལས་ཁུངས་ལ་འཕྲལ་མར་སྙན་སེང་ཞུ་དགོས། རྨས་མ་སྐྱོབ་ཆེད་ཡུལ་དངོས་ལ་འགྱུར་བ་སོང་ན་རྟགས་རྒྱག་དགོས། དེས་མ་ཚད་མོ་ཊའི་ནང་གི་འགྲུལ་པ་དང་ཕར་འགྲོ་ཚུར་འོང་བྱེད་མཁན་ཁ་ལོ་བ་སོགས་ཀྱིས་རོགས་པ་བྱེད་དགོས།

    འགྲིམ་འགྲུལ་ལས་འཛོལ་ལྷག་ནའང་ཕན་ཚུན་རྩོད་གླེང་ཆེན་པོ་མེད་ཚེ། གནས་ཚུལ་ཐོན་ཡུལ་ནས་གང་མགྱོགས་ཁ་བྲལ་ཏེ་འགྲུལ་བཞུད་སླར་གསོ་ཡོང་བ་བྱེད་དགོས་པ་དང་གུན་གསབ་ཀྱི་གནད་དོན་གྲོས་མོལ་བྱས་ནས་ཐག་གཅོད་དགོས། གལ་ཏེ་འགྲིམ་འགྲུལ་ལས་འཛོལ་ཚབས་ཆེན་ཐོན་ཚེ། གང་མགྱོགས་འགྲིམ་འགྲུལ་ཉེན་རྟོག་པ་དང་ཡང་ན་སྤྱི་བདེ་ལས་ཁུངས་འགྲིམ་འགྲུལ་དོ་དམ་ཚན་པར་སྙན་སེང་ཞུ་དགོས། 

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།