[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>ཞབས་ཞུའི་སྐར་ཁུང་།
  • གཟའ་འཁོར་འདིའི་ནང་བོད་ལྗོངས་ཀྱི་ཤར་རྒྱུད་དང་ལྷོ་རྒྱུད་དུ་གངས་ཡང་སེ་འབབ་རྒྱུ་ཡིན་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-03-26

    གཅིག གཟའ་འཁོར་འདིའི་གནམ་གཤིས་སྔོན་བརྡ། (ཟླ་3ཚེས་25ཉིན་ནས་ཚེས་31ཉིན་བར)

    གཟའ་ཟླ་བ་ནས་ལྷག་པའི་བར་ཉིང་ཁྲི་དང་། གཞིས་རྩེའི་ལྷོ་རྒྱུད། ལྷོ་ཁའི་ལྷོ་རྒྱུད། ནག་ཆུའི་ཤར་རྒྱུད་བཅས་སུ་གངས(ཆར་པ)ཆུང་བ་ནས་འབྲིང་བའི་བར་འབབ་རྒྱུ་དང་། ས་ཁུལ་གཞན་དག་ལ་སྤྲིན་པ་མང་པོ་འཁོར་ནས་གནམ་འཐིབ་རྒྱུ་དང་ས་ཆ་ཁག་གཅིག་ལ་གངས(ཆར་པ)ཆུང་བ་འབབ་རྒྱུ། 

    གཟའ་མཇུག་ཉིན་གཉིས་ནང་ཉིང་ཁྲི་དང་། གཞིས་རྩེའི་ལྷོ་རྒྱུད། ལྷོ་ཁའི་ལྷོ་རྒྱུད། ནག་ཆུའི་ཤར་རྒྱུད་བཅས་སུ་གངས(ཆར་པ)ཆུང་བ་འབབ་རྒྱུ་དང་ས་ཆ་ཁག་གཅིག་ལ་གངས(ཆར་པ)འབྲིང་བ་འབབ་རྒྱུ། ཆབ་མདོ་དང་ཡར་ཀླུང་གཙང་པོ་རྒྱུད་ཀྱི་དབུས་ཤར་དུམ་བུར་སྤྲིན་པ་མང་པོ་འཁོར་ནས་གནམ་འཐིབ་རྒྱུ་དང་ས་ཆ་ཁག་གཅིག་ལ་གངས(ཆར་པ)སིམ་སིམ་འབབ་རྒྱུ། ས་ཁུལ་གཞན་དག་ལ་སྤྲིན་པ་འཁོར་ཉུང་བ་ནས་མང་དུ་འགྲོ་རྒྱུ།

    གཟའ་འཁོར་འདིའི་ནང་བོད་བྱང་ཐང་དང་ཧི་མ་ལ་ཡའི་རི་རྒྱུད་ཀྱི་ས་བབ་མཐོ་བའི་ས་ཆར་ལྷགས་པ་ཆེན་པོ་རིམ་པ་7ནས་9བར་རྒྱག་རྒྱུ་དང་ཡར་ཀླུང་གཙང་པོའི་རྒྱུད་དུ་ལྷགས་པ་རིམ་པ་6ཙམ་རྒྱག་རྒྱུ།

    གཉིས། གྲོས་འགོ

    1. རང་ལྗོངས་ཀྱི་ལྷོ་རྒྱུད་དང་བོད་བྱང་ཐང་རྒྱུད་དུ་སྔར་བཞིན་གངས་གསོག་ཐེབས་མང་བ་དང་། གངས་བབས་པ་ལས་རྒྱལ་ལམ་དང་ཞིང་ཆེན་ལམ་བུ་109དང་། 318སོགས་ཀྱི་འགྲིམ་འགྲུལ་སྐྱེལ་འདྲེན་ཐད་ཤུགས་རྐྱེན་ངན་པ་ཐེབས་རྒྱུ་དང་། ཤར་རྒྱུད་དང་ལྷོ་རྒྱུད་དུ་རི་ཉིལ་བ་དང་འདམ་རྡོའི་ཆུ་རུད་སོགས་ས་གཤིས་ཀྱི་གནོད་འཚེ་ཐོན་རྒྱུར་འགོག་ཟོན་བྱེད་དགོས།

    2.ལྷགས་པ་ཆེན་པོ་རྒྱག་མང་བས་ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་ལས་དོན་ཡག་པོ་སྒྲུབ་པ་དང་། ལྷགས་པ་ཆེན་པོའི་གནམ་གཤིས་ལས་ཞིང་འབྲོག་ལས་ཐོན་སྐྱེད་དང་འགྲིམ་འགྲུལ་སྐྱེལ་འདྲེན་ཐད་ཤུགས་རྐྱེན་ངན་པ་ཐེབས་རྒྱུར་འགོག་ཟོན་བྱེད་དགོས།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།