[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>ཞབས་ཞུའི་སྐར་ཁུང་།
  • ཁ་ལོ་བ་ཚོ། ཟླ་3ཚེས་28ཉིན་ལམ་ཁག་གཅིག་བཀག་སྡོམ་བྱ་རྒྱུ་རེད་འདུག

  • ཡོང་ཁུངས།   བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར།    |    རྩོམ་པ་པོ།      |    སྤེལ་དུས།   2019-03-25

    2019ལོའི་ཟླ་3ཚེས་28ཉིན། ལྷ་ས་གྲོང་ཁྱེར་གྱིས་ཕོ་བྲང་པོ་ཏ་ལའི་ཐང་ཆེན་དུ“3·28ཞིང་བྲན་ཁྲི་ཚོ་བརྒྱར་ཡར་ལངས་བཅིངས་འགྲོལ་ཐོབ་པའི་དྲན་གསོའི་ཉིན་མོའི”བྱེད་སྒོ་སྤེལ་རྒྱུ་ཡིན་ཞིང་། བྱེད་སྒོ་བདེ་བླག་ངང་སྤེལ་བ་དང་གྲོང་ཁྱེར་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་ཕྱིར་སྐྱོད་བདེ་འཇགས་ལ་འགན་ལེན་བྱ་ཆེད། ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་ཉིང་ལག་རུ་ཁག་གིས་གྲོང་ཁུལ་གྱི་ལམ་དུམ་བུ་ཁག་གཅིག་ལ་འགྲིམ་འགྲུལ་བཀག་སྡོམ་བྱ་རྒྱུ་ཡིན་པས། ཞིབ་ཕྲའི་གནས་ཚུལ་གཤམ་གསལ་ཏེ། 

    གཅིག བཀག་སྡོམ་དུས་ཚོད། 

    ཟླ་3ཚེས་28ཉིན་གྱི་སྔ་དྲོའི་ཆུ་ཚོད་9དང་སྐར་མ་45ནས་བྱེད་སྒོ་མཇུག་འགྲིལ་འགྲིལ་བར། 

    གཉིས། བཀག་སྡོམ་ལམ་དུམ། 

    1.པེ་ཅིང་དཀྱིལ་ལམ་དང་འཁར་རྔ་གདོང་ལྷོ་ལམ་གྱི་བཞི་མདོ་ཁར་མོ་ཊ་ཚང་མ་ཤར་ནས་ནུབ་ཀྱི་ཕྱོགས་སུ་སྐྱོད་མི་ཆོག

    2.པེ་ཅིང་དཀྱིལ་ལམ་དང་གླིང་སྐོར་ནུབ་ལམ། གླིང་སྐོར་ནུབ་ལམ་དང་ནོར་བུ་གླིང་ཁའི་ལམ་གྱི་གསུམ་མདོ་ཁར་མོ་ཊ་ཚང་མ་ནུབ་ནས་ཤར་གྱི་ཕྱོགས་སུ་སྐྱོད་མི་ཆོག

    3.ཉང་བྲན་ལྷོ་ལམ་དང་པེ་ཅིང་ཤར་ལམ་གྱི་བཞི་མདོ་ཁ་དང་པེ་ཅིང་དཀྱིལ་ལམ་དང་འཁར་རྔ་གདོང་ལྷོ་ལམ་གྱི་བཞི་མདོ་ཁར་མོ་ཊ་ཚང་མ་ཤར་ནས་ནུབ་ཀྱི་ཕྱོགས་སུ་སྐྱོད་མི་ཆོག 

    4.པེ་ཅིང་དཀྱིལ་ལམ་དང་མཁར་རྔ་གདོང་ལྷོ་ལམ་གྱི་བཞི་མདོ་ཁ་ནས་བཅིངས་འགྲོལ་ཤར་ལམ་དང་མཁར་རྔ་གདོང་ལྷོ་ལམ་གྱི་གསུམ་མདོ་ཁར་མོ་ཊ་ཚང་མ་བྱང་ནས་ལྷོ་ཡི་ཕྱོགས་སུ་སྐྱོད་མི་ཆོག

    གསུམ། ཚོད་འཛིན་ལམ་དུམ། 

    1.ཉང་བྲན་ལྷོ་ལམ་དང་པེ་ཅིང་ཤར་ལམ་གྱི་བཞི་མདོ་ཁ། 

    2.གཡུ་ཐོག་ལམ་དང་མཁར་རྔ་གདོང་ལྷོ་ལམ་གྱི་གསུམ་མདོ་ཁ།

    3.བཅིངས་འགྲོལ་ཤར་ལམ་དང་མཁར་རྔ་གདོང་ལྷོ་ལམ་གྱི་གསུམ་མདོ་ཁ། བདེ་སྐྱིད་ལམ་དང་ནོར་བུ་གླིང་ཁ་ལམ་གྱི་བཞི་མདོ་ཁ། གླིང་སྐོར་ནུབ་ལམ་དང་པེ་ཅིང་དཀྱིལ་ལམ་གྱི་བཞི་མདོ་ཁ།

    (སྤྱི་བདེ་ལས་ཁུངས་འགྲིམ་འགྲུལ་དོ་དམ་སྡེ་ཚན་གྱིས་ས་གནས་ས་ཐོག་གི་འཕྲུལ་སྒུལ་འཁོར་རིགས་ཀྱི་མང་ཉུང་གཞིར་བཟུང་། གནས་སྐབས་དོ་དམ་ཚོད་འཛིན་བྱ་རྒྱུ)

    བཞི། དོ་སྣང་བྱེད་དགོས་པའི་དོན་ཚན། 

    རྒྱ་ཆེའི་ཁ་ལོ་བ་ཚོས་ཡུལ་དངོས་སུ་ཁྲིམས་འཛིན་མི་སྣའི་བཀོད་འདོམས་ལ་ཉན་ནས་བཅའ་ཁྲིམས་ཁྲིམས་སྲོལ་ཁག་ལ་བརྩི་སྲུང་ཞུས་ཏེ་ཡ་རབས་གུས་ཞབས་ལྡན་པའི་སྒོ་ནས་ཕྱིར་སྐྱོད་བྱེད་དགོས། 

    ཆེད་དུ་སྤྱི་བསྒྲགས་འདི་སྤེལ་བ་ཡིན།  

    ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་ཉིང་ལག་རུ་ཁག

    2019ལོའི་ཟླ་3ཚེས་22ཉིན།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།