[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>ཞབས་ཞུའི་སྐར་ཁུང་།
  • གཏན་འབེབས་གསར་པ་དག་ཁྱེད་དང་འབྲེལ་བ་ཆེ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-03-01

    ཟླ་3ཚེས་1ཉིན་ནས་བཟུང་གཏན་འབེབས་གསར་པ་འདི་དག་དངོས་སུ་ལག་ལེན་བསྟར་མཁན་ཡིན་ཞིང་། ཁྱེད་དང་འབྲེལ་བ་ཆེན་པོ་ཡོད་བཟོ་འདུག་པས་ནན་གྱིས་གཟིགས་རོགས། 

    ☟☟☟

    སྤྱི་སྤྱོད་རླངས་འཁོར་གྱི་བདེ་འཇགས་སྒྲིག་ཆས་སླར་ཡང་ལེགས་སུ་གཏོང་བ། 

    1.jpg

    འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་ཡིས་བཀྲམ་པའི་ལས་རིགས་ཀྱི་ཚད་གཞི《གྲོང་ཁྱེར་གྱི་སྤྱི་པའི་རླངས་འཁོར་དང་གློག་འཁོར་གྱི་ཆེད་དོན་བདེ་འཇགས་སྒྲིག་བཀོད་ལག་རྩལ་གྱི་བླང་བྱ》ཟླ་3ཚེས་1ཉིན་ནས་ལག་ལེན་བསྟར་མཁན་རེད། 《ཚད་གཞིའི》ནང་སྤྱི་པའི་རླངས་འཁོར་དང་གློག་འཁོར(སྤྱི་སྤྱོད་རླངས་འཁོར)གྱི་ཆེད་སྤྱོད་བདེ་འཇགས་སྒྲིག་བཀོད་མང་པོ་ཞིག་ལ་བླང་བྱ་ཞིབ་ཕྲ་བཏོན་ཡོད་པའི་ནང་ཁ་ལོ་བ་སྡོད་སར་འགོག་སྲུང་བཅད་ཤེལ་གཏོང་དགོས་པ་ཐོག་མར་ཁ་གསལ་བཏོན་འདུག

    མཐོང་དཀོན་པའི་ནད་གཞིའི་སྨན་ཁྲལ་གཅོག་པ། 

    2.jpg

    མཐོང་དཀོན་པའི་ནད་གཞིའི་སྨན་བཟོ་བའི་ཐོན་ལས་འཕེལ་རྒྱས་ལ་ལྕག་སྐུལ་བཏང་ནས་ནད་པའི་སྨན་རིན་གྲོན་ཆུང་བྱ་ཆེད། ནོར་སྲིད་པུའུ་དང་། འགག་སྒོ་སྤྱི་ཁྱབ་ཧྲུའུ། ནོར་དོན་སྤྱི་ཁྱབ་ཅུས། སྨན་རྫས་ལྟ་སྐུལ་ཅུས་བཅས་ཀྱིས་མཉམ་དུ་བརྡ་ཐོ་བཀྲམ་སྟེ། ཟླ་3ཚེས་1ཉིན་ནས་བཟུང་མཐོང་དཀོན་པའི་ནད་གཞི་ཁག་དང་པོའི་སྨན་རྫས་21དང་སྨན་གྱི་མ་བཅོས་རྒྱུ་ཆ་རིགས་4ལ་རིན་ཐང་འཕར་ཁྲལ་3%གཅོག་མཁན་རེད་འདུག

    དབང་སྐྱོན་དྭ་ཕྲུག་ལ་ནད་གཞི་སེལ་རོགས་བྱེད་པ།

    3.jpg

    དབང་སྐྱོན་དྭ་ཕྲུག་ལ་སྨན་བཅོས་དྲག་སྐྱེད་སོགས་ཀྱི་ཞབས་འདེགས་དེ་བས་ཡག་པ་ཞུ་ཆེད། ཟླ་3ཚེས་1ཉིན་ནས་བཟུང་། དམངས་སྲིད་པུའུ་ཡིས“དབང་སྐྱོན་དྭ་ཕྲུག་གཤགས་བཅོས་དྲག་སྐྱེད་ཀྱི་འབྱུང་འགྱུར་འཆར་གཞིའི”རྨང་གཞིའི་ཐོག་བྱ་ཐབས་གསར་པ་ལག་ལེན་བསྟར་ནས་ཕན་པ་ཐོབ་མཁན་དྭ་ཕྲུག་མང་དུ་གཏོང་བ་དང་། སྨན་རིན་གྱི་ཚད་གཞི་དམའ་ཤོས་དམའ་རུ་གཏོང་བ། དྲག་སྐྱེད་རོགས་སྐྱོར་གྱི་སྐལ་གྲངས་མང་དུ་གཏོང་བ་བཅས་ཀྱི་སྒོ་ནས་དྭ་ཕྲུག་ལ་ཕན་པ་དངོས་དེ་བས་མང་བ་སྐྲུན་མཁན་རེད་འདུག

    ལས་རིགས་སློབ་གསོ་སྒྱུར་བཅོས་ཀྱི་ཚོད་ལྟ་གསར་པ།

    4.jpg

    སློབ་གསོ་པུས་ཟླ་3པ་ནས་བཟུང་། ལས་རིགས་སློབ་གླིང་དང་བཀོལ་སྤྱོད་རྣམ་པའི་དངོས་གཞིའི་མཐོ་སློབ་ཏུ“སློབ་རྒྱུས་ལག་ཁྱེར+ལས་རིགས་རྩལ་ནུས་རིམ་པའི་ལག་ཁྱེར”ལམ་ལུགས་ཚོད་ལྟ་བྱས་ཏེ་སློབ་མ་ཚོས་སློབ་རྒྱུས་ལག་ཁྱེར་རག་པ་དང་སྦྲགས་ལས་རིགས་རྩལ་ནུས་རིམ་པའི་ལག་ཁྱེར་ཧུར་ཐག་ལེན་པར་སྐུལ་ལྕག་གཏོང་བ་དང་།  སློབ་མ་ཚོས་ལས་རིགས་རྩལ་ནུས་རིམ་པའི་ལག་ཁྱེར་གྱི་གསོ་སྦྱོང་དང་དཔྱད་ཞིབ་ལ་རང་མོས་ངང་ཞུགས་ཆོག་ཅིང་། དེས་སློབ་གྲྭ་ཐོན་པར་འགོག་རྐྱེན་བཟོ་ཡི་མེད།

    ལས་གཉེར་ལག་ཁྱེར་གསར་པ་སྤྱོད་མཁན་ཡིན་པ།

    5.jpg

    ཁྲོམ་ར་ལྟ་འདོམས་སྤྱི་ཁྱབ་ཅུས་ཀྱིས་བརྡ་ཐོ་བཀྲམ་ནས་ཟླ་3ཚེས་1ཉིན་ནས་ལས་གཉེར་ལག་ཁྱེར་གསར་པ་སྤྱོད་འགོ་འཛུགས་མཁན་རེད་འདུག ལག་ཁྱེར་གསར་པར་ལག་ཁྱེར་རྙིང་པའི་རྣམ་གཞག་8ལ་འགྱུར་བ་བཏང་མེད་པ་དང་། རྩ་གཉིས་ཨང་རྟགས་བཟོས་ཡོད་པས་སྤྱི་ཚོགས་ལས་རིགས་ཁག་གིས་ཁྲོམ་རའི་བྱེད་པོའི་གནས་ཚུལ་ཤེས་རྟོགས་བྱ་ཆོག ཁྲོམ་རའི་བྱེད་པོས་ཤོག་བུའི་ལས་གཉེར་ལག་ཁྱེར་གསར་པ་ལེན་པ་དང་དུས་གཅིག་ཏུ་གློག་རྡུལ་ལས་གཉེར་ལག་ཁྱེར་ཡང་ཆགས་ཏེ་གློག་རྡུལ་ལག་ཁྱེར་མཛོད་དུ་འཇུག་གི་ཡོད། 

    ཁྲལ་གཉེར་འཛིན་ཤོག་འབྲི་བར་དེ་བས་སྟབས་བདེ་སྐྲུན་པ།

    6.jpg

    ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་ཆེད། ཁྲལ་དོན་སྤྱི་ཁྱབ་ཅུས་ཀྱིས་ཟླ་3ཚེས་1ཉིན་ནས་བཟུང་། ཁྲལ་ཕོན་ཆུང་འཇལ་མཁན་ཚོས་རིན་ཐང་འཕར་ཁྲལ་གྱི་ཆེད་སྤྱོད་འཛིན་ཤོག་རང་ཉིད་ཀྱིས་འབྲི་ཆོག་པའི་ཚོད་ལྟའི་ཁྱབ་ཁོངས་སྔར་བས་ཆེ་རུ་བཏང་སྟེ། བོགས་གཏོང་དང་ཚོང་ལས་ཞབས་ཞུའི་ལས་རིགས་དང་། ཚན་རིག་ཞིབ་འཇུག་དང་ལག་རྩལ་ཞབས་ཞུའི་ལས་རིགས། གྲོང་མིའི་ཞབས་འདེགས། ཉམས་བཟོ་དང་ཞབས་ཞུའི་ལས་རིགས་གཞན་བཅས་ཚོད་ལྟའི་ཁྱབ་ཁོངས་སུ་འཇུག་མཁན་རེད་འདུག དེ་དང་ཆབས་ཅིག་རིན་ཐང་འཕར་ཁྲལ་གྱི་འཛིན་ཤོག་བདེན་མིན་ར་སྤྲོད་བྱེད་མི་དགོས་པའི་ཁྲལ་འཇལ་མཁན་གྱི་ཁྱབ་ཁོངས་སྤྱིར་བཏང་གི་ཁྲལ་འཇལ་མཁན་ཚང་མར་རྒྱ་ཆེ་རུ་གཏོང་མཁན་རེད་འདུག 

    《ཁེ་བེད་བདག་ཐོབ་ཀྱི་ཚབ་གཉེར་སྲོལ་ཡིག》གསར་པ་ལག་ལེན་བསྟར་མཁན་ཡིན་པ།

    7.jpg

    བཟོ་བཅོས་བརྒྱབ་རྗེས་ཀྱི《ཁེ་བེད་བདག་ཐོབ་ཀྱི་ཚབ་གཉེར་སྲོལ་ཡིག》ཟླ་3ཚེས་1ཉིན་ནས་ལག་ལེན་བསྟར་མཁན་རེད་འདུག 《སྲོལ་ཡིག》ནང་ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་ཆེད། ཁེ་བེད་བདག་ཐོབ་ཀྱི་ཚབ་གཉེར་ཆེ་མོ་བ་དང་ཚབ་གཉེར་སྒྲིག་གཞིའི་ཆོག་འཐུས་ཆ་རྐྱེན་ལྷུག་ཏུ་གཏོང་མཁན་ཡིན་པ་དང་། ཞིབ་བཤེར་ལྟ་སྐུལ་བྱེད་སྟངས་ལེགས་སུ་གཏོང་ཆེད་ཁེ་བེད་བདག་ཐོབ་ཀྱི་ཚབ་གཉེར་ལས་དོན་སྒྲུབ་སྐབས་དང་བསྒྲུབས་རྗེས་ཀྱི་ལྟ་འདོམས་ལ་ཤུགས་སྣོན་དང་། དམངས་ལ་སྟབས་བདེ་དང་ཕན་པ་སྐྲུན་ཤུགས་ཆེ་རུ་གཏོང་ཆེད་ཁེ་བེད་བདག་ཐོབ་ཀྱི་ཞབས་འདེགས་ལས་ཕྱོད་ཆེ་རུ་གཏོང་མཁན་རེད་འདུག 

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།