[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>ཞབས་ཞུའི་སྐར་ཁུང་།
  • ལོ་ཐོའི་ཟླ་བཤད་ཀུན་གསལ་མ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-02-09

    རྒྱ་རྩིས་དཔྱིད་ཐ་ཆུ་ཕོ་འབྲུག་ཟླ་ཆེ་བ། ཚེས་གཅིག་ནས་བཅོ་ལྔའི་བར་རྒྱལ་བས་ཆོ་འཕྲུལ་བསྟན་པའི་དུས་ཆེན། ཚེས་15གླང་་གི་ལྔ་ཆ་གསུམ་ནས་རང་ཟླའི་དབུགས་ཐོབ། ཤིང་རྩི་ཁ་འབུས། དཔྱིད་ཟུག ངང་པ་འདམ་ནས་འདོན། མཚོ་ལ་དར་ཆགས། ཉ་མཁར་འཇིག ས་ལུད་འདོན་སྐྱེལ་རན། སྟོད་བྱང་འབྲོག་པའི་ས་ཁུལ་དུ་གནོད་འགོག་ཕྱུགས་སྲུང་ལ་ཤུགས་སྣོན་རྒྱག་དགོས། ཚེས་10འབྲུག་གི་ལྔ་ཆ་གསུམ་ནས་ཚེས་21ཡོས་ཀྱི་ལྔ་ཆ་ལྔ་བར་ཉི་མ་ནག རང་ཟླའི་ཚེས་22ནས་ཕྱི་ཟླའི་ཚེས་23བར་བུམ་སྟོང་ནུབ། ཚེས་25ལ་ཀླུ་ཐེབས། གཉིས་དང་བརྒྱད་མ་གཏོགས་ཟླ་བ་ཧྲིལ་པོར་ཀླུ་བཟློག ལྔ་ནུབ། དགུ་ཤར། ཟིན་ཕུང་ལྷོ་ནས་བྱང་དུ་ཐོ་རེངས་རྒྱུ། སྦྲུལ་རྫོགས་ནས་ལྡོག ཧལ་ཁྱི་ལྷོ་སྟོད། ལག་རྡུམ་ཁང་པའི་ལྷོ་ནུབ། དེར་ཕུང་པོ་མི་འཇོག ཚེས་10ཆད། ཚེས་6ལྷག ཚེས་18ཆད། ཚེས་29ལྷག

    སྤྱི་ལ་ཟླ་འདིར་འབྱུང་བ་ས་ཆུ་རླུང་གསུམ་གྱི་ཁམས་ཤས་ཆེ་བས་ཡུལ་སྤྱིར་རླུང་འཚུབ་པ་མང་། བྱེ་བྲག་ཚེས་ཤར་ནས་མིག་དམར་དང་སྒྲ་གཅན་རླུང་སྐར་སྟེང་སྤྱོད་པ་དང་། སངས་མཇུག་སྤེན་ཕུར་བཞི་པོ་སྐར་ཁྱིམ་གཅིག་ཏུ་འཛོམས་ཤིང་ས་ཆུའི་སྐར་མར་གནས་པ་དང་ལྷག་པ་དྲག་པོ་དང་རྣོ་བའི་སྐར་མར་སྤྱོད་པས་གནམ་གཤིས་ཚ་གྲང་འགྱུར་ལྡོག་ཆེ་ཞིང་ལྷོ་ནུབ་དང་། ནུབ་རྒྱུད། ནུབ་བྱང་། ཤར་དང་། ཤར་ལྷོའི་ཁུལ་གྱི་ས་གནས་ལ་ལར་ཁ་རླུང་འཚུབ་ཅིང་ས་གཡོ་སོགས་རང་བྱུང་གནོད་འཚེར་དྭོགས། སྤྱིའི་འབབ་ཚེས་2、4、6、8、11、12、15、18、23、25、27、30བཅས་ཀྱི་སྐོར་ལ་ཡིན།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།