[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>ཞབས་ཞུའི་སྐར་ཁུང་།
  • དུས་ཆེན་2རིང་ཕོ་བྲང་པོ་ཏ་ལ་དང་གཙུག་ལག་ཁང་སྒོ་འབྱེད་པའི་དུས་ཚོད།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-02-01

    ཕོ་བྲང་པོ་ཏ་ལ། 

    གསར་འགོད་པར་ཕོ་བྲང་པོ་ཏ་ལ་དོ་དམ་ཁྲུའུ་ནས་ཤེས་རྟོགས་བྱུང་བར། ཕོ་བྲང་པོ་ཏ་ལ་སྤྱི་ཟླ་2པའི་ཚེས་4ཉིན་གཟིམ་སྒོ་བསྐྱོན་རྒྱུ་དང་། ལོ་གསར་ཚེས་1ཉིན(སྤྱི་ཟླ་2པའི་ཚེས་5ཉིན)གྱི་ཐོ་རེངས་ཀྱི་ཆུ་ཚོད་དང་པོ་དང་ཕྱེད་ཀར་གཟིམ་སྒོ་འབྱེད་རྒྱུ། ཚེས་2ཉིན(སྤྱི་ཟླ་2པའི་ཚེས་6ཉིན)གཟིམ་སྒོ་རྒྱག་རྒྱུ། དེ་དང་ཆབས་ཅིག་སྒྲིག་ལམ་སྲུང་སྐྱོང་བྱེད་བདེ་བ་དང་། འགྲོ་ལམ་འགག་པ་དང་ཕན་ཚུན་རྡོག་རྩིས་ཐེབས་པ་སོགས་ཀྱི་གནས་ཚུལ་མི་ཐོན་པའི་ཆེད་དུ། ཕོ་བྲང་གྱི་ལམ་དུ་ར་སྐྱོར་འཐེན་རྒྱུ་རེད་འདུག་པས། རང་འགུལ་ངང་བང་བསྒྲིགས་ཏེ་ར་སྐྱོར་གྱི་ནང་ནས་ཕོ་བྲང་དུ་སྐྱོད་དགོས་ཀྱི་འདུག 

    གཙུག་ལག་ཁང་། 

    བཀོད་སྒྲིག་གཞིར་བཟུང་། གཙུག་ལག་ཁང་བོད་ཚེས་27(སྤྱི་ཟླ་2པའི་ཚེས་1ཉིན)དང་། བོད་ཚེས་28(སྤྱི་ཟླ་2པའི་ཚེས་2ཉིན) བོད་ཚེས་29(སྤྱི་ཟླ་2པའི་ཚེས་3)བཅས་ཉིན་གསུམ་ཧྲིལ་པོ་དང་། བོད་ཚེས་30(སྤྱི་ཟླ་2པའི་ཚེས་4ཉིན)ཉིན་གྱི་ཉིན་མོར་གཟིམ་སྒོ་བསྐྱོན་རྒྱུ།འོན་ཀྱང་ཡུལ་སྐོར་བ་ལྟ་སྐོར་དུ་ཡོང་ཆོག བོད་ཚེས་30(སྤྱི་ཟླ་2པའི་ཚེས་4ཉིན)ཉིན་གྱི་ཆུ་ཚོད་19:00ནས་ལོ་གསར་ཚེས་1(སྤྱི་ཟླ་2ཚེས་5ཉིན)གི་ཆུ་ཚོད་19:00བར་དད་ལྡན་མང་ཚོགས་དང་ཡུལ་སྐོར་བ་གཉིས་ཀར་གཟིམ་སྒོ་འབྱེད་རྒྱུ། 

    ལོ་གསར་ཚེས་2(སྤྱི་ཟླ་2ཚེས་6ཉིན)ཉིན་དད་ལྡན་མང་ཚོགས་དང་ཡུལ་སྐོར་བ་ཚང་མར་གཟིམ་སྒོ་བསྐྱོན་རྒྱུ། 

    ལོ་གསར་ཚེས་3(སྤྱི་ཟླ་2ཚེས་7ཉིན)ཉིན་ཡུལ་སྐོར་བར་རྒྱུན་གཏན་ལྟར་གཟིམ་སྒོ་འབྱེད་རྒྱུ་རེད་འདུག 

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།