[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>ཞབས་ཞུའི་སྐར་ཁུང་།
  • གཏན་འབེབས་གསར་པ་དེ་དག་ཧ་གོ་ན་འཚོ་བའི་ནང་གྱོང་དེ་བས་རག་མི་སྲིད།

  • ཡོང་ཁུངས།   བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར།    |    རྩོམ་པ་པོ།      |    སྤེལ་དུས།   2018-12-06

    ལོ་གསར་པ་ཤར་བར་ཟླ་བ་གཅིག་ལས་མེད་ཅིང་། ཁྱོད་ཀྱིས་ལོ་འགོར་བཏིང་པའི་འཆར་གཞི་ད་ལྟ་ལེགས་གྲུབ་བྱུང་མེད་པ་ག་ཚོད་ཡོད་དམ། ཉེ་དུས། གཏན་འབེབས་གསར་པ་ཁག་གཅིག་ལག་ལེན་བསྟར་འདུག དེ་དག་ཚང་མ་ང་ཚོའི་འཚོ་བ་དང་འབྲེལ་བ་ཧ་ཅང་ཆེན་པོ་ཡོད་པ་སྟེ། གཤམ་ལ་རེ་རེ་བཞིན་ཞུ་རྒྱུ། 

    དམག་མིར་རྒྱལ་ཡོངས་ཀྱི་འགྲོ་ལམ་འགྲུལ་སྐྱེལ་གྱི་ཞབས་འདེགས་སྔོན་ལ་ཞུ་རྒྱུ། 

    ཟླ་12ཚེས་1ནས་བཟུང་། རྒྱལ་ཡོངས་ཀྱི་འགྲུལ་སྐྱེལ་རླངས་འཁོར་འབབ་ཚུགས་དང་འགྲོ་ལམ་འགྲུལ་སྐྱེལ་གཉེར་སྐྱོང་བྱེད་མཁན་གྱིས་སྤ་སེ་འཚོང་བ་དང་། བདེ་བཤེར། རླངས་འཁོར་སྒུག་ཁང་སོགས་ཀྱི་བརྒྱུད་རིམ་ཚང་མར་ཁྲིམས་ལྟར་དམག་མིར་ཞབས་འདེགས་སྔོན་ལ་ཞུ་རྒྱུ་ཡིན་ཞིང་། དམག་མི་དང་མཉམ་དུ་ཡོང་མཁན་གྱི་ནང་མི(སྤྱིར་ན་མི་2ལས་བརྒལ་མི་ཆོག)ཡང་དེ་མཚུངས་ཀྱི་ཞབས་ཞུ་ལོངས་སུ་སྤྱོད་ཆོག

    “འཆལ་རྡུང་ལོག་སེལ”ཐེར་འདོན་བྱེད་མཁན་ལ་བྱ་དགའ་མཐོ་ཤོས་སྒོར་ཁྲི་60སྤྲོད་རྒྱུ། 

    རྒྱལ་ཡོངས་ཀྱི“འཆལ་རྡུང་ལོག་སེལ”ལས་དོན་ཚོགས་ཆུང་གཞུང་དོན་ཁང་སོགས་སྡེ་ཚན་གྱིས《“འཆལ་རྡུང་ལོག་སེལ”ལས་དོན་གྱི་ཐེར་འདོན་བྱ་དགའི་བྱ་ཐབས》གསར་པ་བཀྲམ་པ་དང་ཟླ་12ཚེས་1ཉིན་ནས་ལག་ལེན་བསྟར་ཡོད་ཅིང་། བྱ་ཐབས་དེའི་ནང་འབྲེལ་ཡོད་ཀྱི་བྱ་དགའ་མཐོ་རུ་བཏང་བ་དང་ཆབས་ཅིག བྱེད་སྤྱོད་དེ་རིགས་ཐེར་འདོན་བྱེད་མཁན་ལ་བྱ་དགའ་མཐོ་ཤོས་སྒོར་ཁྲི་60རག་གི་འདུག

    གློག་བརྙན་རྙིང་པ་བསྐྱར་དུ་སྟོན་པར་སླར་ཡང་ནང་དོན་ལ་ཞིབ་དཔྱད་བྱེད་དགོས་པ།

    རྒྱལ་ཁབ་གློག་བརྙན་ཅུས་ཀྱིས་ཟླ་12ཚེས་1ནས་བཟུང་། བསྐྱར་སྟོན་གློག་བརྙན་ཡིན་ཕྱིན། ནང་དོན་ལ་ངེས་པར་དུ་ཞིབ་དཔྱད་བྱེད་དགོས་ལ་བསྐྱར་སྟོན་ཆོག་པའི་ཆོག་མཆན་ལག་ཁྱེར་ཡང་དགོས་པ་མ་ཟད། གློག་བརྙན་ཁང་2500ལས་བརྒལ་ནས་སྟོན་མི་ཆོག་ལ་གློག་བརྙན་ཁང་སོ་སོའི་གློག་བརྙན་སྟོན་ཁང་གཅིག་ལ་མ་གཏོགས་སྟོན་མི་ཆོག

    《ཉེན་ཆེའི་དངོས་ཟོག་དབོར་འདྲེན་གྱི་སྒྲིག་སྲོལ》གསར་པ་ཞིག་སྟོན་པ།

    འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་ཡིས་བཀྲམ་པའི《ཉེན་ཆེའི་དངོས་ཟོག་དབོར་འདྲེན་གྱི་སྒྲིག་སྲོལ》(JT/T617)ཟླ་12ཚེས་1ཉིན་དངོས་སུ་ལག་ལེན་བསྟར་ཞིང་། དེའི་ནང་ཉེན་ཆེའི་དངོས་ཟོག་རིགས་དབྱེ་དང་། ཐུམ་སྒྲིལ། རྟགས་བཀོད་པ། དབོར་འདྲེན་བརྒྱུད་རིམ་བཅས་ལ་གཏན་འབེབས་གསལ་པོ་བྱས་འདུག

    ཡིད་སྟོན་བྱང་བུའི་དངུལ་ཚད་ལས་འགལ་བ་སྤྱད་ན་ཆད་པ་ནན་པོ་གཅོད་རྒྱུ། 

    ཆེས་མཐོའི་མི་དམངས་ཁྲིམས་ཁང་དང་ཞིབ་དཔྱོད་ཁང་གིས་མཉམ་དུ་གཏན་འབེབས་བྱས་པར་གཞིགས་ན། ཟླ་12ཚེས་1ནས་བཟུང་། ཡིད་སྟོན་བྱང་བུའི་ནང་གི་དངུལ་སྔ་གཡར་སྒོར་ཁྲི་5ཡན་དང་སྒོར་ཁྲི་50མན་གྱི་ཚད་ལས་བརྒལ་ནས་སྤྱད་ཚེ། ཉེས་ཁྲིམས་ཀྱི་གཏན་འབེབས་ལྟར་རྐང་བཙུགས་ནས་ཡིད་རྟོན་བྱང་བུའི་དངུལ་ཚད་ལས་བརྒལ་བ་སྤྱད་པར་བརྩིས་ཏེ་ཆད་པ་ནན་པོ་གཅོད་རྒྱུ་རེད་འདུག

    ཁྲིམས་འཛིན་ཡོངས་བསྒྲགས་གནས་ཚུལ་དཔྱད་གདེང་ནང་བཅུག་པ།

    སྤྱི་བདེ་པུས་སྤྱི་བདེ་ལས་ཁུངས་ཀྱི་ཁྲིམས་འཛིན་ཡོངས་བསྒྲགས་གནས་ཚུལ་ཁྲིམས་འཛིན་དཔྱད་གདེང་དང་ཁྲིམས་འཛིན་བྱས་འབྲས་ནང་བཅུག་ནས། བྱ་དགའ་ཆད་གཅོད་ཀྱི་ལམ་སྲོལ་བཙུགས་པ་སྟེ། ཟླ་12ཚེས་1ནས་དངོས་སུ་ལག་ལེན་བསྟར་འདུག 

    ཕག་པ་དབོར་མཁན་མོ་ཊ་ཡིན་ཚེ་ངེས་པར་དུ་ཐོ་འགོད་དགོས། 

    ཞིང་ལས་དང་གྲོང་གསེབ་པུའུ་ཡིས་ཕག་པ་དབོར་འདྲེན་མོ་ཊའི་ཐོ་འགོད་དང་ལྟ་འདོམས་བྱ་ཐབས་ཟླ་12ཚེས་1ནས་དངོས་སུ་ལག་ལེན་བསྟར་ཞིང་། ཕག་པ་དབོར་རིང་ཕག་པ་བྱུར་བུར་ངང་བླུག་མི་རུང་ཞིང་ཧེ་བག་ཚད་དང་མཐུན་དགོས་པ་མ་ཟད། རང་གནས་ཡུལ་གྱི་རྫོང་རིམ་པའི་ཕྱུགས་རིགས་སྨན་ཁང་ལའང་ཐོ་འགོད་དགོས།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།