[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>ཞབས་ཞུའི་སྐར་ཁུང་།
  • གཟའ་འཁོར་འདིར་ལྷགས་པ་མང་བ་དང་དྲོད་ཚད་འཕར་ཆག་ཆེ་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-12-04

    གཅིག གཟའ་འཁོར་འདིའི་གནམ་གཤིས་སྔོན་བརྡ། (ཟླ་12ཚེས་3ཉིན་ནས་ཟླ་12ཚེས་9ཉིན་བར)

    གཟའ་ལྷག་པ་ནས་པ་སངས་བར་ཉིང་ཁྲི་དང་། ཆབ་མདོའི་བྱང་རྒྱུད། ནག་ཆུའི་ཤར་རྒྱུད་བཅས་སུ་གནམ་འཐིབ་ནས་གངས་འབབ་རྒྱུ་དང་། མངའ་རིས་དང་གཞིས་རྩེའི་ལྷོ་རྒྱུད་དུ་སྤྲིན་པ་མང་པོ་འཁོར་ནས་གནམ་འཐིབ་རྒྱུ། ས་ཆ་ཁག་གཅིག་ལ་གངས་སིམ་སིམ་འབབ་རྒྱུ། ས་ཁུལ་གཞན་དག་ལ་སྤྲིན་པ་མང་པོ་འཁོར་རྒྱུ། གཟའ་ཉི་མར་ཉིང་ཁྲི་དང་། ནག་ཆུའི་ཤར་རྒྱུད། ཆབ་མདོ་བཅས་སུ་སྤྲིན་པ་མང་པོ་འཁོར་ནས་གནམ་འཐིབ་རྒྱུ་དང་ས་ཆ་ཁག་གཅིག་ལ་གངས་སིམ་སིམ་འབབ་རྒྱུ། ས་ཁུལ་གཞན་དག་ལ་སྤྲིན་པ་ཉུང་ཉུང་འཁོར་ནས་མང་དུ་འགྲོ་རྒྱུ། གཟའ་པ་སངས་ནས་བཟུང་ནུབ་ནས་ཤར་བར་དྲོད་ཚད་3℃ནས5℃བར་ཆག་རྒྱུ།

    གཟའ་འཁོར་འདིའི་ནང་བོད་བྱང་ཐང་དང་ཧི་མ་ལ་ཡའི་རི་རྒྱུད་ཀྱི་ས་བབ་མཐོ་བའི་ས་ཆར་ལྷགས་པ་ཆེན་པོ་རིམ་པ་7ནས་8བར་རྒྱག་རྒྱུ་དང་། ཡར་ཀླུང་གཙང་པོ་རྒྱུག་ཁུལ་དུ་ལྷགས་པ་རིམ་པ་5ཙམ་རྒྱག་རྒྱུ།

    གཉིས། གྲོས་འགོ

    1.ས་བབ་མཐོ་བའི་ལམ་དུམ་བུར་གངས་གསོག་དང་འཁྱག་པ་ཐེབས་སླ་བས་འགྲིམ་འགྲུལ་བདེ་འཇགས་ལ་དོ་སྣང་བྱེད་དགོས།

    2. ལྷགས་པ་ཆེན་པོ་ལྡང་མང་བ་དང་གནམ་གཤིས་སྐམ་ཤས་ཆེ་བས་ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་ལ་ཤུགས་སྣོན་རྒྱག་པ་དང་གྲོང་མིས་མེ་སྐྱོན་ལ་སྔོན་འགོག་བྱེད་དགོས།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།