[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>ཞབས་ཞུའི་སྐར་ཁུང་།
  • ཞོ་སྟོན་རིང་ནོར་བུ་གླིང་གར་ཕེབས་ན་འདིར་ཡིད་གཟབ་གནང་རོགས།

  • ཡོང་ཁུངས།   བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར།    |    རྩོམ་པ་པོ།      |    སྤེལ་དུས།   2018-08-07

    ཉེ་ཆར། གསར་འགོད་པར་ནོར་བུ་གླིང་གའི་དོ་དམ་ཁྲུའུ་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ཞོ་སྟོན་རིང་རྒྱ་ཆེའི་གྲོང་མི་དང་ཡུལ་སྐོར་བ་རྣམས་ལ་ངལ་གསོའི་ཁོར་ཡུག་ཡག་པོ་ཞིག་བསྐྲུན་ཆེད།  ནོར་བུ་གླིང་གའི་དོ་དམ་ཁྲུའུ་ཡིས་ནོར་བུ་གླིང་གའི་ནང་ཚོང་རྒྱག་མི་ཆོག་པ་སོགས་ཀྱི་བྱ་ཐབས་སྤྱད་དེ་ཞོ་སྟོན་སྐྱིད་པོ་ཞིག་གཏོང་ཐུབ་པ་བྱ་རྩིས་འདུག དེ་ཡང་། ད་ལོའི་ཞོ་སྟོན་རིང་།

    ནོར་བུ་གླིང་གའི་ནང་སྔར་རྒྱུན་བཞིན་ཁེ་ལས་དང་ཚོང་པ་སུ་གཅིག་གིས་ཚོང་རྒྱག་ཆོག་གི་མི་འདུག

    འཕྲལ་སྡོམ་རླངས་འཁོར་དང་། དམག་མི་དང་ཉེན་རྟོག་པའི་ལས་སྒྲུབ་རླངས་འཁོར། དེ་བཞིན་དབང་པོ་སྐྱོན་ཅན་གྱི་ཆེད་སྤྱོད་རླངས་འཁོར་ཕུད། རླངས་འཁོར་གཞན་དག་འཛུལ་ཆོག་གི་མི་འདུག

    ཚན་པ་དང་མི་སྒེར་སུ་ཡིན་ཡང་ནོར་བུ་གླིང་གའི་ནང་གུར་ཕུབ་ཆོག་གི་མི་འདུག

    ཞོ་སྟོན་རིང་སྒྲིག་ལམ་ཡག་པོ་ཡོང་ཆེད། ནོར་བུ་གླིང་གའི་དོ་དམ་ཁྲུའུ་ཡིས་ལས་དོན་མི་སྣ་མངགས་ནས། འབྲེལ་ཡོད་ཚན་པ་ཁག་དང་མཐུན་སྦྱོར་ཡག་པོ་བྱས་ཏེ། ཡུལ་སྐོར་བ་དང་གྲོང་མི་རྣམས་ལ་ཞབས་འདེགས་ཞུ་རྒྱུ་རེད་འདུག

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།