[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>ཞབས་ཞུའི་སྐར་ཁུང་།
  • ཕྲུ་གུར་འོ་རྩམ་སྦོང་སྐབས་གཤམ་གྱི་གནད་དོན་ལ་ཡིད་གཟབ་བྱེད་དགོས།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-06-12

    འོ་རྩམ་ཟ་མཁན་གྱི་ཕྲུ་གུས་འཇིབ་རུ་འཐུང་སྐབས་འཇིབ་ཏོག་འཇིབ་བདེ་བ་དང་དུས་ཐུང་ནང་རྒྱགས་བདེ་བ་སོགས་ཀྱི་སྐྱོན་ཡོད་པས་ཨ་མའི་འོ་མ་བཞིན་ལྟོགས་དུས་འཐུང་རྒྱུ་མེད་ལ་ཕྲུ་གུས་འོ་མ་འཐུང་ཚད་ཀྱང་ཚོད་འཛིན་བྱེད་ཐབས་བྲལ།

    དེར་བརྟེན། ཕྲུ་གུར་འོ་རྩམ་སྦོང་སྐབས་གཤམ་གྱི་གནད་དོན་དེ་དག་ལ་ཡིད་གཟབ་བྱེད་དགོས་ཏེ།

    1 འོ་མ་སྟེར་ཚད་དེ་ཉིན་རེར་ལུས་པོའི་ལྗིད་ཚད་སྟོང་ཁེ་རེར་ཧའོ་ཧྲེང་100ནས་120བར་གཞིར་བཟུང་རྩིས་རྒྱག་དགོས། ཉིན་རེའི་འོ་མའི་བསྡོམས་འབོར་ལ་འོ་མའི་སྟེར་ཐེངས་བགོས་ན་དེ་ཐེངས་གཅིག་སྟེར་བའི་ཚད་གཞི་ཡིན། འོ་མ་སྟེར་མཚམས་སུ་ཕྲུ་གུའི་གཉིད་ཉལ་བའི་གནས་ཚུལ་ལ་ཡང་བསམ་བློ་གཏོང་དགོས། སྤྱིར་ན་ཆུ་ཚོད་3ནས་4བར་འོ་མ་ཐེངས་གཅིག་སྟེར་ན་འགྲིག

    2.འཇིབ་ཏོག་གི་ཁུང་བུའི་ཆེ་ཆུང་དེ་འཇིབ་རོ་མགོ་རྟིང་སློག་སྐབས་འོ་མའི་ཐིག་པ་བསྟུད་མར་རྒྱག་ཐུབ་ན་དེ་འཚམ་ཤོས་ཡིན་པ་དང་འོ་མ་སྟེར་སྐབས་འཇིབ་རུའི་ནང་འོ་མ་ཁེངས་པ་བྱས་ནས་མཁའ་རླུང་འཛུལ་ཏེ་འོ་མ་བསྐྱུགས་པ་དང་གྲོད་པ་སྦོས་པའི་གནས་ཚུལ་མི་ལྷག་པ་བྱེད་དགོས།

    3.འཇིབ་རུ་སོགས་སྤྱད་རྗེས་ངེས་པར་དུ་གཙང་མ་འཁྲུ་བ་དང་དུག་སེལ་བྱས་ནས་འབུ་ཕྲ་མི་འགོ་བ་བྱེད་དགོས།

    4.འོ་མ་མ་སྟེར་གོང་སྔོན་ལ་འོ་མའི་དྲོད་ཚད་ལ་བལྟ་དགོས་པ་དང་འོ་མའི་ཐིགས་པ་ལག་ངར་སྟེང་བརྒྱབ་ནས་མ་ཚིག་ན་འཚམ་ཤོས་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རིང་ཆོས་སྒྲོན།