[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>ཞབས་ཞུའི་སྐར་ཁུང་།
  • སྨན་ཆུ་གང་བྱུང་བླུག་པ་ནི་རང་སྲོག་རང་གིས་གཅོད་པ་དང་མཚུངས།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-06-08

    ཕྱི་གླིང་བས་སྨན་ཆུ་བླུག་པ་ནི་གཤགས་བཅོས་ཆུང་ཆུང་ཞིག་བྱེད་པར་ངོས་འཛིན་གྱི་ཡོད།  འོན་ཀྱང་དེང་སྐབས་སྒོ་བསྟེན་སྨན་ཁང་ངམ་སྨན་ཁང་ཁག་གིས་དངུལ་གྱི་ཆེད་དུ་ནད་གང་འདྲ་ཞིག་ལའང་སྨན་ཆུ་བླུག་པ་འདི་རྒྱུན་རྣམ་ཞིག་ཏུ་གྱུར་ཡོད།  ཐ་ན་སོ་ན་བ་དང་ཆམ་པ་ཕོག་པ་སོགས་ནད་རིགས་ཆུང་ངུར་ཡང་སྨན་ཆུ་བླུག་གི་ཡོད།

    རྒྱལ་ཁབ་ཕྱི་ནང་གི་གསོ་རིག་མཁས་ཅན་ཚོས་སྨན་པས་སྨན་སྟེར་དུས་སྨན་ཐང་གིས་འཐུས་སར་སྨན་ཁབ་རྒྱག་རྒྱུ་མེད་པ་དང་། སྨན་ཁབ་ཀྱིས་འཐུས་སར་སྨན་ཆུ་མི་བླུག་པའི་རྩ་དོན་སྲུང་དགོས་པའི་རེ་འབོད་བྱས་ཡོད། གལ་སྲིད་རྩ་དོན་འདི་ལས་འགལ་ཏེ་གང་བྱུང་དུ་སྨན་ཆུ་བླུགས་ཚེ་འབྲས་བུ་ངན་པ་འབྱུང་སྲིད་ལ་ཐ་ན་ཚེ་སྲོག་ལའང་ཉེན་ཁ་བཟོ་སྲིད།  དེའི་རྒྱུ་མཚན་ནི་སྨན་དང་ཆུ་གཉིས་ཀ་བཙན་ཤེད་ཀྱིས་མིའི་ཟུངས་ཁྲག་ནང་འདྲེན་པ་དེ་ནི་སྨན་བཟས་པ་དང་བཏུངས་པ་ལས་གནོད་པ་དེ་བས་ཆེ་བས་ཡོད་ལ།  སྨན་ཆུར་བསྲེས་པའི་སྨན་སྣ་ཁ་ཇི་ཙམ་མང་ན་དེའི་དུག་གི་གནོད་སྐྱོན་ཡང་དེ་ལྟར་ཆེ་བ་ཡོད།  

    འོ་ན་གནས་ཚུལ་གང་འདྲའི་འོག་ཏུ་གཞི་ནས་སྨན་ཆུ་བླུག་དགོས་སམ་ཞེ་ན། ཟས་སོགས་མིད་དཀའ་བ་དང་སྐྱུག་མེར་ལངས་པ། ཁོག་པ་བཤལ་དྲགས་ནས་འཚོ་བཅུད་བསྡུ་ལེན་བྱེད་དཀའ་བ་སོགས་ཀྱི་གནས་ཚུལ་དང་།  ནད་གཞི་ཚབས་ཆེ་ཞིང་མགྱོགས་མྱུར་ཇེ་སྡུག་ཏུ་འགྲོ་སྐབས་གཞི་ནས་སྨན་ཆུ་བླུག་ཆོག

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་སྟོབས་ལགས།