[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>ཞབས་ཞུའི་སྐར་ཁུང་།
  • འདི་འདྲ་བྱས་ན། ཁྱེད་ཀྱི་བཞིན་ལ་གཉེར་མ་མགྱོཊ་པོ་སླེབས་མི་སྲིད།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-05-17

    གལ་ཏེ་སྐུ་ཉིད་ཀྱི་བཞིན་ལ་གཉེར་མའི་སྐུ་མགྲོན་མགྱོཊ་པོ་མ་སླེབས་པ་བྱེད་དགོས་ན།  ངེས་པར་དུ་གཤམ་གསལ་ལ་དོ་སྣང་བྱེད་དགོས་ཀྱི་འདུག

    དོན་དག་གང་བྱུང་ཡང་འཚབ་བེ་འཚུབ་བེ་དང་སེམས་ཁྲལ་མི་བྱེད་པར་བློ་བག་ཡངས་ལ་སྣང་བ་སྐྱིད་ཅིང་ཁོག་པ་ཆེན་པོ་བྱེད་དགོས།

    རྟག་ཏུ་ལུས་རྩལ་བརྩེས་ནས་ལུས་པོ་རྒྱགས་དྲགས་པ་དང་སྐམ་དྲགས་པའི་མཐའ་གཉིས་སུ་མི་ལྷུང་བར་བྱེད་དགོས།

    ལས་ཀ་དང་ངལ་གསོའི་དུས་ཚོད་བཀོད་སྒྲིག་འོས་ཤིང་འཚམ་པ་བྱེད་པ་མ་ཟད།   གང་དེ་རང་ཉིད་ཀྱི་གོམས་གཤིས་སུ་འགྱུར་བར་བྱེད་དགོས།

    བཟའ་བཏུང་གི་འཕྲོད་བསྟེན་ལ་དོ་སྣང་བྱེད་དགོས་པ་མ་ཟད།  བཟའ་བཏུང་བག་མེད་སྤྱོད་མི་རུང་ལ། ཐ་མག་དང་ཆང་རག་ཀྱི་དབྱིངས་སུ་ཚུད་མི་རུང་།  དུས་བཅད་ལྟར་ཁ་ལག་མང་ཉུང་ཚད་རན་པོ་ཟ་དགོས།

    གཉེར་མ་མི་འཁོར་བའི་ཆེད་དུ། ཉིན་ལྟར་ལག་གཉིས་པོས་གདོང་ལ་འཕུར་འཕུར་ཐེངས་ཁ་ཤས་གཏོང་དགོས། དེ་ལྟར་བྱས་ན། གདོང་གི་པགས་པའི་ཁྲག་འཁོར་རྒྱུག་མགྱོགས་སུ་ཕྱིན་ནས་པགས་པ་མཉེན་དུ་འགྲོ་སྲིད།

    མིག་དང་སོ་ལ་བདག་སྐྱོང་ཡག་པོ་བྱེད་དགོས་པས།   རྟག་ཏུ་མིག་རིལ་སྐོར་བ་རྒྱག་པ་དང་། ཡས་སོ་མས་སོ་རྡེབ་ཙམ་རྡེབ་ཙམ་བྱེད་དགོས།

    ནམ་དུས་འགྱུར་བ་དང་རང་ཉིད་ཀྱི་ངོ་གདོང་ལ་གཞིགས་ནས།  ཤ་གསོས་འོས་འཚམ་བྱུག་དགོས།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་སྟོབས་ལགས།