[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>ཞབས་ཞུའི་སྐར་ཁུང་།
  • དཔུང་པས་ཁྱེད་ལ་ཉེན་བརྡ་གང་བཏང་བྱུང་ངམ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-05-15

    རྐུབ་སྟེགས་ཐོག་ཡུན་རིང་པོ་བསྡད་པ་དང་། མོ་ཊ་རྒྱུན་རིང་པོ་བཏང་བ། གློག་ཀླད་དུས་ཚོད་རིང་པོ་བརྩེས་པ་ལས་དཔུང་པ་དང་མཇིང་པར་ན་ཟུག་སྐྱུར་མོ་ཞིག་གཏོང་བ་མ་ཟད། སྐབས་འགར་ལག་པ་འགྱོགས་དཀའ་བའི་སྣང་ཚུལ་ཐོན་གྱི་ཡོད། གནས་ཚུལ་འདི་ལྟ་བུར་ཁྱེད་ཀྱིས་སྣང་ཆུང་གཏན་ནས་བྱ་མི་རུང་། གང་ལགས་ཤེ་ན། ང་ཚོའི་གཟུགས་པོ་བདེ་པོ་མེད་ཚེ་དང་ཐོག་དཔུང་པས་ཁྱེད་ལ་ཉེན་བརྡ་གཏོང་གི་ཡོད། ཕྱིས་སུ་ཁྱེད་ཀྱི་མཇིང་ཚིགས་དང་། སྒལ་རུས། ཀླད་པར་ཁྲག་མི་འདང་བ་སོགས་ཀྱི་ནད་རིགས་མི་ཐོན་པ་བྱེད་དགོས་ན་གཤམ་གསལ་ལ་ལན་གཅིག་གཟིགས་དང་།

    དང་པོ། ལག་པ་བརྐྱངས་ནས་ལྟག་ཁུང་ལ་རེག་པ།

    གཉིས་པ། ལག་པ་གཅིག་འདྲོང་པོར་རྐྱོང་བ།

    微信图片_20180515174713.jpg

    གསུམ་པ། ལག་པ་སྒལ་པར་རེག་པ།

    微信图片_20180515174716.jpg

    གལ་སྲིད་གོང་གསལ་གྱི་འགུལ་སྐྱོད་བྱེད་སྟངས་གསུམ་པོ་ཁག་ཙམ་འདུག་ན། ཁྱེད་ཀྱི་དཔུང་པ་དང་མཇིང་པར་ན་ཚ་སླེབས་པ་ཐག་གིས་ཆོད། དེར་བརྟེན། གཟའ་འཁོར་གཅིག་རིང་ཨ་ཅོར་ཚ་པོ་དང་ཀོ་ཡོལ་སྦྱོར་བ་སོགས་ཀྱིས་མ་ཕན་ཚེ། ངེས་པར་དུ་སྨན་པ་བསྟེན་པར་འགྲོ་དགོས།

    རྣམ་ཀུན་གྱི་སྡོད་སྟངས་གཅིག་རང་གིས་ཁྱེད་ཀྱི་མཇིང་པར་ན་ཚ་སླེབས་པ་དང་། ཡང་ན། ཧོབ་སྟེ་ཅ་དངོས་ལྗིད་པོ་བཀྱགས་ན་རྩ་རྒྱུད་ཆད་པ་སོགས་ཐོན་སྲིད། དེས་ན་ང་ཚོས་དུས་རྒྱུན་འཚོ་བའི་ཁྲོད་དོ་སྣང་བྱས་ཏེ་མ་བྱུང་སྔོན་འགོག་བྱེད་དགོས་པ་ཤིན་ཏུ་ནས་གལ་ཆེའོ།  

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་སྟོབས་ལགས།