[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>ཞབས་ཞུའི་སྐར་ཁུང་།
  • མཉམ་དུ་ཟ་མི་རུང་བའི་ཟས་རིགས་འགའ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-04-16

    རྣམ་ཀུན་འཚོ་བའི་ནང་ཟས་རིགས་ཁག་གཅིག་བྲོ་བ་ཆེ་ལ་ཟ་སྙིང་དོད་པོ་ཡོད།  ཡིན་ནའང་། ཟས་རིགས་དེ་དག་མཉམ་དུ་གཏན་ནས་ཟ་རྒྱུ་མེད། གལ་ཏེ་མཉམ་དུ་བཟས་པ་ཡིན་ན། ལུས་ལ་ན་ཚ་བཟོ་བས་མ་ཚད།  མཚམས་རེ་སྲོག་ལའང་ཉེན་ཁ་འཕྲད་བཞིན་ཡོད། དེས་ན།  ཚང་མས་རང་ཉིད་ཀྱི་བདེ་ཐང་གི་ཆེད་དུ་ཅིས་ནས་ཀྱང་ཡིད་གཟབ་གནང་རོགས། 

    བྱ་ཤ་དང་ཞོ་བསྲེས་ཏེ་ཟ་མི་རུང་།

    ཉ་ཤ་དང་འོ་མ་བསྡེབས་ན་ལུས་ལ་མི་འཕྲོད།

    ཞོ་མ་ལངས་པ་དང་ཆང་གསར་པ་ལྷན་ཅིག་ཏུ་འཐུང་མི་རུང་།

    སྒོ་ང་དང་ཉ་ཤ་བསྡེབས་ཏེ་ཟ་མི་རུང་།

    སྲན་མའི་ཚོད་མ་དང་། ཞོ། བུ་རམ་གསུམ་པོ་ལྷན་ཅིག་ཏུ་ཟ་མི་རུང་།

    འོ་མ་དང་ཞོ་སོགས་དཀར་ཟས་ཀྱི་རིགས་དང་ཆང་སོགས་སྐྱུར་གྱི་རིགས། རྩམ་པ་བཅས་འགོས་པའི་ཤ་རློན་པོ་ཞག་པོ་ལུས་པ་ཟ་མི་རུང་།

    --    --

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།