[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>ཞབས་ཞུའི་སྐར་ཁུང་།
  • འཚོ་བའི་ནང་གི་གོམས་གཤིས་འདི་དག་ང་ཚོས་སྤོངས་དགོས།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-04-13

    微信图片_20180413155026.jpg

    གྲོད་ཁོག་སྟོང་པར་ལུས་སྦྱོང་བྱེད་པ།

    མི་མང་ཆེ་བར་ཞོགས་པ་སྔ་པོ་ནས་ལུས་སྦྱོང་བྱེད་པའི་གོམས་གཤིས་ཡོད།  མ་གཞི་བྱས་ན་ཞོགས་པ་ཉལ་ནས་མ་བསྡད་པར་ལུས་སྦྱོང་བྱེད་པ་ནི་གོམས་གཤིས་ཡག་པོ་ཞིག་རེད། འོན་ཀྱང་གྲོད་ཁོག་སྟོང་པར་འགུལ་སྐྱོད་མང་པོ་བརྒྱབ་ན་སྙིང་འཕར་ཚད་སྙོམས་ཀྱི་མེད་ལ་ཚན་རིག་དང་མཐུན་པའི་ལུས་སྦྱོང་ཞིག་གཏན་ནས་མིན། ལྷག་པར་དུ་རྒན་འཁོགས་ཚོས་ཞོགས་པ་གྲོད་ཁོག་སྟོང་པར་ལུས་སྦྱོང་བྱེད་རྒྱུ་མེད།

    微信图片_20180413155021.jpg

    པོ་ཚལ་བཟས་ན་ཁྲག་སྐྱེས་ཐུབ་སྙམ་པ།

    པོ་ཚལ་ལ་འཚོ་བཅུད་ལྕགས(铁)མང་པོ་ལྡན་པའི་ངོས་འཛིན་ནས། ཟུངས་ཁྲག་ཉམས་པའི་མི་མང་པོས་པོ་ཚལ་ནི་ཁྲག་སྐྱེ་བྱེད་ཀྱི་ཟས་མཆོག་ཏུ་བརྩིས་ཀྱི་ཡོད།  འོན་ཀྱང་པོ་ཚལ་གྱི་འཚོ་བཅུད་ལྕགས་90%ཙམ་རྩྭ་སྐྱུར(草酸)དང་འདྲེས་པས། འཇུ་དཀའ་བ་མ་ཟད། ཟུངས་ཁྲག་སྐྱེ་བའི་ཚལ་ཁོ་ནར་ངོས་འཛིན་རྒྱུ་མེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།