[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>ཞབས་ཞུའི་སྐར་ཁུང་།
  • འགྲིམ་འགྲུལ་ཤེས་བྱ་དེ་དག་ཁ་ལོ་བ་ཚོར་ཕན་ཐོགས་ཆེན་པོ་འདུག

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-04-12

    དྲ་གྲོགས།  ཉེན་རྟོག་དཔོན་ལགས་ཁམས་བཟང་།  མོ་ཊའི་ལོ་བཤེར་གྱི་དུས་ཚོད་སླེབས་པར་ཟླ་བ་3ལས་མེད་ན།  ནར་འགྱངས་ག་ཚོད་བྱེད་ཆོག་གམ།

    ཉེན་རྟོག་དཔོན།  ཁམས་བཟང་།  ཉིན་གཅིག་ཀྱང་ནར་འགྱངས་བྱེད་མི་ཆོག  འཕྲུལ་སྒུལ་འཁོར་རིགས་བདེ་འཇགས་ལག་རྩལ་གྱི་ལོ་བཤེར་སྔ་ནུར་ཟླ་བ་3ནས་བྱེད་ཆོག་གི་ཡོད།  གལ་སྲིད་དུས་ཚོད་འགྱངས་ནས་ལོ་བཤེར་ལ་མ་ཞུགས་ན་ཉེས་ཆད་སྒོར་200གཏོང་རྒྱུ་དང་།  སྐར་མ་3གཅོག་རྒྱུ་རེད།

    དྲ་གྲོགས།  ཉེན་རྟོག་དཔོན་ལགས་ཁམས་བཟང་།  ང་2018ལོའི་ཟླ་3པར་ཁ་ལོ་བའི་ལག་ཁྱེར་B2རག་པས་ད་ལྟ་ལས་ཀ་ཞིག་འཚོལ་དགོས་བསམ་བྱུང་།  ད་ལྟ་དངོས་ཟོག་དབོར་འདྲེན་གྱི་ཐོབ་ཐང་ལག་ཁྱེར་དགོས་ཀྱི་འདུག  ཡིན་ནའང་དངོས་སྦྱོང་རིང་ཡིག་རྒྱུགས་ལ་ཞུགས་ཆོག་གི་མི་འདུག  གལ་སྲིད་དངོས་སྦྱོང་རིང་ལ་དངོས་ཟོག་དབོར་འདྲེན་གྱི་ཐོབ་ཐང་ལག་ཁྱེར་མེད་པར་མོ་ཊ་བཏང་ཚེ་ཁྲིམས་ལས་འགལ་ལམ།

    ཉེན་རྟོག་དཔོན།  ཁམས་བཟང་།  འབྲེལ་ཡོད་ཀྱི་དངོས་ཟོག་དབོར་འདྲེན་ཐོབ་ཐང་ལག་ཁྱེར་མེད་ན་འགྲིམ་འགྲུལ་བདེ་འཇགས་ཀྱི་ཁྲིམས་ལས་འགལ་མེད།  འོན་ཀྱང་གཞུང་ལམ་སྐྱེལ་འདྲེན་གྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་། གལ་སྲིད་སྐྱེལ་འདྲེན་དོ་དམ་གྱི་ཉེན་རྟོག་པས་བཟུང་ཚེ།  ཆད་པ་ནན་པོ་གཅོད་ཀྱི་ཡོད།

    དྲ་གྲོགས།  ཉེན་རྟོག་དཔོན་ལགས་ཁམས་བཟང་།  ངའི་མོ་ཊའི་ཁ་ལོ་བའི་ལག་ཁྱེར་སི་ཁྲོན་གྱི་Aརིགས་ལག་ཁྱེར་ཡིན།  ལྷ་སར་ཞིབ་དཔྱད་བྱེད་སྐབས་སྔོན་ལ་རླངས་འཁོར་དོ་དམ་སུའོ་རུ་འགྲོ་ལུགས་གཉེར་བར་འགྲོ་དགོས་སམ་ཡང་ན་ཐད་ཀར་ཉིང་ལག་རུ་ཆེན་ཁག་ཏུ་ཞིབ་བཤེར་གྱི་འདུན་ཞུ་ཕུལ་ན་ཆོག་གམ།

    ཉེན་རྟོག་དཔོན།  ཁམས་བཟང་།  གལ་སྲིད་སྐར་མ་གཅོག་པའི་དུས་འཁོར་ནང་ཚུན་དུ་སྐར་མ་བཅག་ཚེ་ཞིབ་བཤེར་བྱེད་དགོས་ཀྱི་ཡོད།  ང་ཚོས་བྱས་ན་ཁྱེད་རང་གཏན་འབེབས་ཀྱི་དུས་ཚོད་ནང་ཉེ་འཁོར་གྱི་འགྲིམ་འགྲུལ་ཉེན་རྟོག་རུ་ཁག་ཏུ་ཞིབ་བཤེར་གྱི་སློབ་གསོ་སློབ་སྦྱོང་ལ་ཞུགས་རྗེས།  རླངས་འཁོར་དོ་དམ་སུའོ་རུ་ཕྱིན་ནས་མོ་ཊ་གཏོང་ཆོག་པའི་ལག་ཁྱེར་ཞིབ་བཤེར་གྱི་འབྲེལ་ཡོད་འགྲོ་ལུགས་གཉེར་ན་སྟབས་བདེ་ཡོང་སྲིད།

    དྲ་གྲོགས།  ཉེན་རྟོག་དཔོན་ལགས་ཁམས་བཟང་།  ཟླ་3ཚེས་14ཉིན་འགྲིམ་འགྲུལ་ཉེན་རྟོག་རུ་ཆེན་གྱི་སྐར་ཁུང་དུ་ངས་ཁྲིམས་འགལ་གྱི་དངུལ་ཆད་བསྐྱལ་བ་ཡིན།  སྐབས་དེ་དུས་དངུལ་ཆད་ལས་སྐར་མ་བཅག་མི་འདུག  ཉིན་གཉིས་པར་འཛུགས་སྐྲུན་དངུལ་ཁང་ནས་དངུལ་ཆད་འཇལ་བ་ཡིན།  འོན་ཀྱང་ཟླ་3ཚེས་19ཉིན་བར་འགྲིམ་འགྲུལ་དོ་དམ་12123ནས་སྒྲིག་འགལ་སྔར་བཞིན་ཐག་བཅད་མེད་ལ་དངུལ་ཆད་ཀྱང་བསྐྱལ་མི་འདུག་ཅེས་གསལ་གྱི་འདུག  དེ་རྗེས་འཛུགས་སྐྲུན་དངུལ་ཁང་ལ་ཁ་པར་བརྒྱབ་པས་གནས་ཚུལ་ཐག་གཅོད་བྱས་ཟིན་པ་རེད་ཅེས་བརྗོད་ཀྱང་ད་དུང་བློ་བདེ་པོ་རང་ཡོང་གི་མི་འདུག  བཀའ་འདྲི་ཞུ་རྒྱུར་12123ག་དུས་མཉམ་འགྲོས་ཡོང་གི་རེད་དམ།

    ཉེན་རྟོག་དཔོན།  ཁམས་བཟང་། ཁྱེད་རང་ཐུགས་ལྷོད་པོར་ཞུགས་རོགས། རང་ལྗོངས་ཀྱི་12123མ་ལག་རིམ་སྤོར་བྱེད་བཞིན་པས་ཆ་འཕྲིན་ཁག་གཅིག་གསར་བརྗེ་ཅུང་འགོར་ཙམ་ཡོད། དེར་བརྟེན་དགོངས་འགལ་མེད་པ་ཞུ།

    དྲ་གྲོགས། ཉེན་རྟོག་དཔོན་ལགས་ཁམས་བཟང་།  ཁ་ལོ་བའི་ལག་ཁྱེར་Bཀྱི་སྐར་མ་12ཚང་མ་བཅག་ནས་Cརིམ་པར་འགྱུར་སྐབས་རྣམ་གྲངས་དང་པོའི་ཡིག་རྒྱུགས་ལ་ཞུགས་དགོས་སམ།

    ཉེན་རྟོག་དཔོན།  ཁམས་བཟང་།  ལག་ཁྱེར་གྱི་སྐར་མ་12ཚང་མ་བཅག་ན་དུས་ཡུན་ཉིན་7གྱི་སློབ་གསོ་སློབ་སྦྱོང་ལ་ཞུགས་རྗེས་རླངས་འཁོར་དོ་དམ་སུའོ་རུ་རྣམ་གྲངས་དང་པོའི་ཡིག་རྒྱུགས་གཏོང་དགོས་པ་དང་རྒྱུགས་ལོན་རྗེས་གཞི་ནས་སླར་གསོ་བྱེད་ཀྱི་ཡོད།  ལག་ཁྱེར་Aདང་Bརིམ་པ་ཡིན་ཕྱིན་དེ་མཚུངས་ཀྱིས་རིམ་པ་གཅོག་གི་ཡོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།