[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>ཞབས་ཞུའི་སྐར་ཁུང་།
  • སྦྲུམ་མས་ཟས་རིགས་མང་པོ་བཟས་ན་དགེ་སྐྱོན་གང་ཡོད་དམ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-02-07

    རྒྱུན་གཏན་འཚོ་བའི་ནང་མི་མང་པོ་ཞིག་གིས་མངལ་གནས་ཕྲུ་གུས་འཚོ་བཅུད་དེ་བས་མང་བ་ལེན་ཐུབ་ཆེད་སྦྲུམ་མས་ཟས་མང་ཙམ་ཟ་དགོས་ཞེས་ཤོད་སྲོལ་ཡོད།  འོན་ཀྱང་གལ་ཏེ་སྦྲུམ་མས་བཟའ་བཏུང་ལ་ཚོད་མ་བྱས་ཚེ་གཟུགས་པོའི་ལྗིད་ཚད་མགྱོགས་པོ་འཕར་བ་དང་།  འཚོ་བཅུད་ཚད་ལས་བརྒལ་བ། གཅིན་སྙི་ཟགས་ཁུ་ཕོག་པ་དང་ཁྲག་ཤེད་མཐོ་རུ་འགྲོ་བ།  སྐྱེ་ཤོར་སོགས་མངལ་ཆགས་སྐབས་ཀྱི་ནད་མང་པོ་ཕོག་སླ་བ་མ་ཟད།  ད་དུང་ཕྲུ་གུར་ཡང་གནོད་སྲིད། ཡང་སྙིང་སྦྲུམ་མས་བཟའ་བཏུང་ཐད་དོ་སྣང་ཇི་ལྟར་བྱ་དགོས་སམ་ཞེ་ན།

    1.ཚི་ལུ་དང་།  སྤྲི་དཀར།  མངར་ཆ་མང་བའི་ཟས་རིགས་ཉུང་ཙམ་ཟ་དགོས།

    2.ཟ་ཚད་ཉུང་ལ་ཟ་ཐེངས་མང་དུ་གཏོང་དགོས། 

    3.ཟ་ཚོད་རན་པའི་ཆ་རྐྱེན་འོག་སྔོ་ཚལ་དང་ཤིང་ཏོག་འོས་འཚམ་ཟ་དགོས།

    4.ཁ་ལག་ཟ་སྐབས་སྔོན་ལ་ཁུ་བ་འཐུང་བ་དང་ཤིང་ཏོག་སྔོ་ཚལ་སོགས་བཟས་ཚེ་ལྟོ་ཆས་ཀྱི་དང་ག་དང་ཟ་ཚད་ལ་ཚོད་འཛིན་བྱ་ཐུབ། ཁ་ལག་བཟས་ཚར་རྗེས་འགུལ་སྐྱོད་འོས་འཚམ་བྱ་དགོས།

    --    --

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།