[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>ཞབས་ཞུའི་སྐར་ཁུང་།
  • དགུན་དུས་བདེ་སྲུང་གི་དྲན་སྐུལ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-01-10

    微信图片_20180110154533.jpg

    1 གནམ་གཤིས་གྲང་བའི་སྐབས་མཁལ་མར་སྲུང་སྐྱོབ་བྱེད་དགོས། དགུན་ཁ་མཁལ་མ་འཁྱགས་སླ་པོ་ཡོད་སྟབས་ལུག་ཤ་དང་བྱ་ཤ། ལ་ཕུག སྟར་ཁ་སོགས་མང་ཙམ་ཟ་དགོས་པ་དང་དུས་མཚུངས་ཚྭ་ཉུང་ཙམ་དང་ཁ་ཏིག་གི་ཟས་མང་ཙམ་ཟ་དགོས། གཞན་ཡང་བློ་ལྷོད་ལ་ཕབ་དགོས་པ་དང་སེམས་མ་སྐྱིད་པ། དངངས་སྐྲག་སེམས་ཁྲལ་སོགས་སེལ་ནས་སེམས་ལྷོད་དུ་འཇོག་དགོས།

    2 དགུན་དུས་རྐང་པ་མ་འཁྱགས་པ་བྱེད་དགོས། གང་ལགས་ཤེ་ན། ཀྲུང་ལུགས་གསོ་བ་རིག་པས་རྐང་པ་འཁྱགས་ན་ནང་ཁྲོལ་ལ་སྐྱོན་རྒྱག་གི་ཡོད་པས་གྲོད་པ་བཤལ་བ་དང་ཟླ་མཚན་མི་སྙོམ་པ། རོ་ཙ་ཉམས་པ། སྐེད་པ་ན་བ་སོགས་ཀྱི་ནད་རྟགས་ཐོན་གྱི་ཡོད་པའི་ངོས་འཛིན་བྱེད་ཀྱི་ཡོད། མིའི་གཟུགས་པོ་འཁྱགས་རྗེས་སྙིང་འཕར་ཚད་ཇེ་མགྱོགས་སུ་འགྲོ་བ་དང་དབུགས་ཧལ་བ། རྙིང་ཚབ་གསར་བརྗེ་བྱེད་མགྱོགས་སུ་འགྲོ་ཡི་ཡོད་པས་རང་ངོས་ཀྱི་གནས་ཚུལ་ལ་གཞིགས་ནས་ཉིན་ལྟར་གོམ་པ་རྒྱག་པ་དང་རྒྱུག་ཤར་དལ་པོ་གློད་པ།རྩལ་རྩེད་ལུས་སྦྱོང་སོགས་བྱེད་དགོས། འོན་ཀྱང་དགུན་ཁ་ལུས་སྦྱོང་བྱེད་སྔ་དྲགས་རྒྱུ་མེད་པ་དང་ཉི་མ་ཤར་མཚམས་སུ་འཚམ་ཤོས་ཡིན་ལ་གཟུགས་པོར་དྲོད་ཁུག་པ་ཙམ་ལས་རྔུལ་ཆུ་འདོན་པའི་ལུས་སྦྱོང་བྱ་རྒྱུ་མེད། 

    --    --

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།