[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>ཞབས་ཞུའི་སྐར་ཁུང་།
  • དུག་སྤྱོད་པ་ནི་ཉེས་སྤྱོད་ཡིན་ནམ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2017-12-06

    དུག་སྤྱོད་པ་དང་ཁབ་རྒྱག་པ་སོགས་ཀྱི་སྤྱི་མིང་ལ་དུག་སྤྱོད་པ་ཟེར། དུག་སྤྱོད་པ་ནི་དུག་སྤྱོད་མཁན་རང་ཉིད་དང་ཁྱིམ་ཚང་། སྤྱི་ཚོགས་བཅས་ལ་གནོད་པ་ལས་ཕན་པ་མེད་ཅིང་། རང་རྒྱལ་གྱིས་ད་ལྟ་ལག་བསྟར་བྱེད་བཞིན་པའི་བཅའ་ཁྲིམས་ཀྱི་གཏན་འབེབས་ལྟར་ན། དུག་སྤྱོད་པ་ནི་ནག་ཉེས་ཤིག་མ་ཡིན་མོད། འོན་ཀྱང་དེ་ཡང་ཉེས་ཆད་གཅོད་དགོས་པའི་ཁྲིམས་འགལ་བྱེད་སྤྱོད་ཀྱི་ཁོངས་སུ་གཏོགས་པ་ཡིན། རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས《དུག་འགོག་གནད་དོན་སྐོར་གྱི་ཐག་གཅོད》དང་། དུག་སྤྱོད་མཁན་ལ“སྤྱི་བདེ་ལས་ཁུངས་ཀྱིས་ཉིན་15མན་གྱི་བཀག་ཉར་བྱས་ཆོག་ལ། དེ་མིན་ཐག་གཅིག་བཅད་དང་ཡང་ན་ལྷན་བཅད་ཀྱིས་སྒོར་2000མན་གྱི་དངུལ་ཆད་བཅད་ཆོག ད་དུང་དུག་རྫས་དང་དུག་སྤྱོད་ཆས་དང་། དུག་ཁབ་རྒྱག་ཆས་སོགས་གཞུང་བཞེས་བྱས་ཆོག”ཅེས་གཏན་འབེབས་མཛད་ཡོད། དུག་སྤྱད་ནས་མི་གཞན་ལ་དུག་སྐྱོ་ལངས་སུ་བཅུག་པ་ལ“བཙན་དབང་གིས་གཅོད་དུ་འཇུག་དགོས་ལ”བཙན་དབང་གིས་བཅད་རྗེས་ཡང་བསྐྱར་དུག་སྤྱོད་མཁན་ལ“ངལ་རྩོལ་སློབ་གཅུན་ལག་བསྟར་བྱས་ཆོག” བསླུ་ཁྲིད་དང་ངན་སྐུལ། ཡང་ན་བཙན་སྐུལ་གྱིས་མི་གཞན་ལ་དུག་སྤྱོད་དུ་འཇུག་པ་ནི་ཉེས་པ་བསྐྱར་བསགས་ཀྱི་བྱེད་སྤྱོད་ཡིན།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།